藏传佛教 · 德格甘珠尔 · 华严

德格《甘珠尔》D44第 37 函 · 德格 393a

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44
返回文本目录:《sangs rgyas phal po che zhes bya ba shin tu rgyas pa chen po'i mdo/》
德格《甘珠尔》D44藏文原典完整藏文原文 · 德格版页

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/

当前为德格木刻版 393a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
393a
可引用原文
7 行
全文规模
全经 21606 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 5 函第 37 函 · 德格 393a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

འཁྱིལ་བ། ཤིང་ནྱ་གྲོ་དའི་རྒྱལ་པོ་ལྟར་ཆུ་ཞེང་གབ་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ཤིན་ཏུ་བརྒྱན་པ། {མྱིག་,མིག་}{མྱི་,མི་}འགེབས་ཤིང་མི་རྒོད་པ། དྲན་པ་ཉེ་བར་གནས་པ། རིའི་རྒྱལ་པོ་ཁ་བ་ཅན་ལྟར་རྩྭ་དང་། ནགས་ཚལ་དང་། སྨན་དང་ཤིང་ཕྲན་སྣ་ཚོགས་ཀྱིས་བརྒྱན་པ། བློ་ཤིན་ཏུ་ཡངས་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཡུལ་ལ་ཐུབ་པ་{མྱེད་,མེད་}པ། དབྱངས་ཀྱི་དཀྱིལ་འཁོར་གྱི་རྒྱན་སྤྲིན་གྱི་སྒྲ་ལྟ་བུ་དང་ལྡན་པ། གཡོ་བ་དང་། རློམ་སེམས་དང་། གཡེང་བ་དང་སྤྲོས་པ་ཐམས་ཅད་དང་བྲལ་

བའི་སེམས་དང་ལྡན་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་མ་འདྲེས་པ། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོའི་སྣང་བ་ཐོབ་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་བསམ་པ་རྒྱུན་{མྱི་,མི་}འཆད་པ། སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་ཡངས་པ་སྐྱེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡོངས་སུ་གཟུང་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་སྣང་བ་ཡང་དག་པར་བསྐྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཚུལ་རྗེས་སུ་དྲན་ཞིང་འགྲོ་བ་ཐམས་ཅད་ཀྱི་དོན་དུ་འཆག་པ་ལ་

ཞུགས་ཏེ། དྲག་དལ་{མྱེད་,མེད་}ཅིང་པད་རལ་མེད་ལ་ཤིན་ཏུ་མཛེས་པར་འཆག་པ། གནས་གཙང་མའི་ལྷའི་གོས་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། {མྱི་,མི་}འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། {མྱི་,མི་}དང་{མྱི་,མི་}མ་ཡིན་པས་བསྐོར་ཅིང་འདུག་པ་མཐོང་ངོ་། །དགེ་སློང་བལྟ་ན་མཛེས་པ་དེ་འཆག་པའི་ཚེ། ཕྱོགས་མངོན་དུ་གྱུར་པའི་ཕྱོགས་ཀྱི་ལྷ་རྣམས་ཕྱོགས་ཀྱི་དཀྱིལ་འཁོར་ཡོངས་སུ་བསྒྲུབ་པ་བྱེད་དོ། །

རྐང་གིས་འགྲོ་བའི་ལྷ་རྣམས་རིན་པོ་ཆེའི་པདྨོས་གོམ་པ་འདོར་བའི་ཚེ། ཡོངས་སུ་བླང་བར་བྱེད་དོ། །{མྱེའི་,མེའི་}ལྷ་སྣང་བའི་དཀྱིལ་འཁོར་ཟད་{མྱི་,མི་}ཤེས་པ་རྣམས་ཀྱང་། མུན་པ་དང་རབ་རིབ་རྣམ་པར་སེལ་ཏོ། །འཛམ་བུ་རྒྱལ་མཚན་གྱི་ནགས་ཚལ་གྱི་ལྷ་རྣམས་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D44
德格版页
393a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。