sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 271a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 271a
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 37 函 · 德格 271a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文{མྱེད་,མེད་}ལས་རབ་ཏུ་འདས་པ་ཡི། །ཡང་དག་དོན་དམ་དབུ་མའི་ལམ་ནི་དངོས་པོ་{མྱེད་,མེད་}ལ་གནས་པ་རབ་ཏུ་སྟོན། །སྐད་ཅིག་གཅིག་ལ་དུས་གསུམ་ཁོང་དུ་ཆུད་ཀྱང་སྐད་ཅིག་སྣ་ཚོགས་རྣམས་ཀྱང་བསྟན། །འདོད་དང་གཟུགས་{མྱེད་,མེད་}ཁམས་ཀྱི་ཡུལ་དང་བྱ་བ་སྣ་ཚོགས་སྟོན་པར་བྱེད། །སྡོམ་པ་གསུམ་གྱི་སྤྱོད་དང་རབ་ཏུ་ལྡན་ཞིང་ཐར་པ་གསུམ་ཡང་རབ་ཏུ་སྟོན། །ཐམས་ཅད་མཁྱེན་པ་ཉིད་དུ་གཅིག་ལ་ཐེག་པ་གསུམ་དུ་རྣམ་པར་དགོད་པ་དེ་བཞིན་སྟོན། །གནས་དང་གནས་མ་ཡིན་པ་རབ་ཏུ་དབྱེ་བའི་ཆོས་དང་དབང་པོ་ཕ་རོལ་
ཕྱིན། །ཁམས་དང་མོས་པ་དག་དང་ཉོན་མོངས་རྣམ་འབྱེད་ཀུན་ཏུ་འགྲོ་བ་ཐོབ་གྱུར་པ། །{མྱིག་,མིག་}གི་ཡུལ་གྱུར་སྔོན་གྱི་གནས་པ་དྲན་ཞིང་ཉོན་མོངས་ཞི་བར་མཁས་པ་དག །སངས་རྒྱས་སྟོབས་བཅུ་དག་གིས་ཡེ་ཤེས་ཤིན་ཏུ་ཡངས་ཀྱང་སྟོབས་ལ་{དམྱིགས་,དམིགས་}པ་{མྱེད,མེད}། །སངས་རྒྱས་ཐམས་ཅད་རྗེས་སུ་དཔོག་སྟོང་འགྲོ་བ་ཀུན་ཏུ་མངོན་སུམ་ཆོས་བཞེད་དེ། །ཉོན་མོངས་ཟག་པ་ལྷན་ཅིག་སྐྱེས་པ་{མྱི་,མི་}མངའ་བྱང་བའང་བརྙེས་པར་འགྱུར་བ་{མྱེད,མེད}། །འབྱུང་བས་ཐུགས་སུ་ཆུད་པའི་ཡེ་ཤེས་རྒྱ་ཆེན་དེས་ནི་འགྲོ་བ་འདོན་པ་མཛད། །འདི་ཡི་གནས་ལ་རྒྱལ་
སྲས་འཇིགས་པ་{མྱེད་,མེད་}ཅིང་འོན་ཀྱང་ཞི་བར་སྤྱོད་པ་{མྱེད,མེད}། །འཁྲུལ་བ་{མྱི་,མི་}མངའ་ལམ་ལས་གཡོ་བའང་{མྱི་,མི་}མངའ་དགོངས་པ་ཉམས་པ་འང་མི་མངའ་སྟེ། །མོས་དང་བརྩོན་འགྲུས་ཏིང་འཛིན་ཤེས་རབ་རྣམ་པར་འབྱེད་པ་ཡེ་ཤེས་གང་དུ་འང་ཉམས་པ་{མྱེད,མེད}། །ཐམས་ཅད་མཁྱེན་མཛད་སྡོམ་པ་གསུམ་མཛད་དུས་གསུམ་ཀུན་ལ་མངོན་སུམ་མཁྱེན་མངའ་བ། །འགྲོ་བ་ཀུན་གྱིས་མ་ཐོབ་བྱམས་པའི་ཆོས་ཉིད་{མྱི་,མི་}འཕྲོགས་ཆགས་པ་{མྱེད་,མེད་}བརྙེས་པ། །ཆོས་སྒོ་གང་དག་གིས་ནི་སྤྱོད་པ་འདི་དག་རབ་ཏུ་ཐོབ་པ་སྨྲ་བའི་མཆོག །དེ་དག་ཡོན་
ཏན་མང་པོ་དོན་གྱིས་བརྒྱན་པའི་ཕྱོགས་ཙམ་བདག་གིས་བརྗོད་པར་བྱ། །དེ་དག་སྤྱོད་པ་བསྐལ་པ་ཁྲག་ཁྲིག་དག་ཏུ་བརྗོད་ཀྱང་ཟད་པར་{མྱི་,མི་}ནུས་ཏེ། །འོན་ཀྱང་ཇི་ལྟར་ས་ལས་རྡུལ་འདྲ་ཡེ་ཤེས་སྤྱོད་པ་ཕྱོགས་ཙམ་བརྗོད་པར་བྱ། །སངས་རྒྱས་ཡེ་ཤེས་རྟེན་ལྡན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 271a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。