sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 313a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 313a
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 37 函 · 德格 313a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ལ་ལ་ནི་མིའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་གཤིན་རྗེའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་{ཡི་དགས་,ཡི་དྭགས་}ཀྱི་གནས་ཐམས་ཅད་དུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་སེམས་ཅན་དམྱལ་བའི་འཇིག་རྟེན་ཐམས་ཅད་དུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་{ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་ཀྱི་རྒྱུད་ཐམས་ཅད་དུ་ཕྱིན་པར་སྣང་སྟེ། མཐོང་བས་འདུལ་བའི་སེམས་ཅན་དང་། ཐོས་པས་འདུལ་བ་དང་རྗེས་སུ་དྲན་པས་འདུལ་བ་དང་། དབྱངས་ཀྱི་དཀྱིལ་འཁོར་གྱིས་འདུལ་བ་དང་། {མྱིང་,མིང་}གི་ཆུ་ཀླུང་གི་སྒྲས་འདུལ་བ་དང་།
འོད་ཀྱི་དཀྱིལ་འཁོར་གྱིས་འདུལ་བ་དང་། འོད་ཟེར་གྱི་དྲ་བ་རབ་ཏུ་དགྱེ་བས་འདུལ་བ་དང་། སེམས་ཅན་རྣམས་ཀྱི་བསམ་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་ཕྱིར་སྙིང་རྗེ་ཆེན་པོ་ཐ་{མྱི་,མི་}དད་པ་དང་སྨོན་ལམ་ཐ་མི་དད་པ་དང་ཡེ་ཤེས་ཐ་{མྱི་,མི་}དད་པ་དང་། སེམས་ཅན་ཡོངས་སུ་བསྡུ་བ་ཐ་{མྱི་,མི་}དད་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་དེ་དག་ཛེ་ཏའི་ཚལ་ནས་རྣམ་པར་འཕྲུལ་པའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དང་། སེམས་ཅན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་
རྒྱས་པར་འགེངས་པར་བྱེད་པར་སྣང་ཡང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ནས་{མྱི་,མི་}གཡོ་སྟེ། ལ་ལ་ནི་རང་གི་གནས་དང་ཁང་པ་བརྩེགས་པ་དང་། སྟན་དང་འཁོར་དང་བཅས་པས། ཕྱོགས་བཅུ་རྒྱས་པར་བྱེད་པར་སྣང་ཡང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ནས་{མྱི་,མི་}གཡོའོ། །ལ་ལ་ནི་སྤྲུལ་པའི་སྤྲིན་རབ་ཏུ་འགྱེད་པར་སྣང་ངོ་། །ལ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་གཅིག་པུ་གཉིས་སུ་{མྱེད་,མེད་}པར་འགྲོ་བར་སྣང་ཡང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ནས་{མྱི་,མི་}གཡོའོ། །
ལ་ལ་ནི་དགེ་སྦྱོང་གི་གཟུགས། ལ་ལ་ནི་ཚངས་པའི་གཟུགས། །ལ་ལ་ནི་བརྟུལ་ཞུགས་ཅན་ཐམས་ཅད་ཀྱི་ཆ་བྱད་དང་། ཆོ་ག་དང་ཆུ་ཞེང་གི་གཟུགས། ལ་ལ་ནི་སྨན་པའི་གཟུགས། ལ་ལ་ནི་ཚོང་པའི་གཟུགས། ལ་ལ་ནི་སྙན་པས་འཚོ་བའི་གཟུགས། ལ་ལ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 313a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。