sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 294a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 294a
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 37 函 · 德格 294a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ལ་སྡུད་ཅིང་ཁྱབ་པར་བགོ་བཤའ་བྱེད་ལ། ནོར་གྱི་དགའ་བ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་ཀྱང་། སེམས་ཅན་རིན་པོ་ཆེའི་འབྱུང་གནས་དང་། གཏེར་གྱི་རྒྱུས་{མྱི་,མི་}ཤེས་པ་བསོད་ནམས་མ་བྱས་པ། རིན་པོ་ཆེ་ལ་ཤེས་པའི་{མྱིག་,མིག་}ཡོངས་སུ་མ་དག་པ། དེ་དག་ཉིད་ན་འཁོད་ཀྱང་། རིན་པོ་ཆེའི་འབྱུང་གནས་དེ་དག་དང་རིན་པོ་ཆེའི་གཏེར་དེ་དག་ཁོང་དུ་{མྱི་,མི་}ཆུད་{མྱི་,མི་}ཤེས་པས་རིན་པོ་ཆེའང་བླང་དུ་{མྱེད་,མེད་}དོ། །རིན་པོ་ཆེའི་དོན་ཀྱང་བྱར་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་
ཡུལ་བསམ་གྱིས་{མྱི་,མི་}ཁྱབ་པ་ལ་ཡེ་ཤེས་ཀྱི་{མྱིག་,མིག་}ཤིན་ཏུ་རྣམ་པར་དག་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་{མྱི་,མི་}ཁྱབ་པ་ལ་ཞུགས་པ། དེ་དག་ཛེ་ཏའི་ཚལ་ན་འཁོད་ཅིང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་མཐོང་ལ་ཆོས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་ཅིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཡོངས་སུ་སྒྲུབ་སྟེ། དེ་བཞིན་གཤེགས་པའི་མཆོད་པ་དང་། རིམ་གྲོ་ལ་བརྩོན་ཞིང་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་མངོན་པར་བརྩོན་ཏེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་དེ་དག་ཡོངས་སུ་སྡུད་ཀྱང་། ཉན་
ཐོས་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དེ་དག་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཀུན་ནས་འདུས་པ་དེ་ལྟ་བུའང་མ་མཐོང་མ་ཤེས་སོ། །འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་{མྱིག་,མིག་}གཉིས་གོས་ཀྱིས་བཀབ་སྟེ། རིན་པོ་ཆེའི་གླིང་དུ་ཕྱིན་པར་གྱུར་ན། དེས་རིན་པོ་ཆེའི་གླིང་དེར་ཕན་ཚུན་འགྲོ་བ་དང་། འགྲེང་བ་དང་འདུག་པ་དང་ཉལ་བ་བྱས་ཀྱང་རིན་པོ་ཆེའི་འབྱུང་གནས་དེ་{མྱི་,མི་}མཐོང་ངོ་། །རིན་པོ་ཆེའི་ཤིང་དང་གོས་ཀྱི་རིན་པོ་ཆེ་དང་། སྤོས་ཀྱི་རིན་པོ་ཆེ་དང་། རིན་པོ་ཆེ་ཐམས་ཅད་
ཀྱང་{མྱི་,མི་}མཐོང་ལ། རིན་པོ་ཆེ་དེ་དག་གི་སྤྱོད་ཡུལ་ལམ། རིན་ཐང་ངམ། ཡོངས་སུ་སྤྱོད་པའི་རྒྱུས་ཀྱང་མི་ཤེས་པས། དེ་ནི་རིན་པོ་ཆེ་དེ་དག་ལེན་ཀྱང་{མྱི་,མི་}ལེན་ལ། རིན་པོ་ཆེའི་དོན་ཀྱང་ཉམས་སུ་མྱོང་པར་{མྱི་,མི་}བྱེད་དོ། །གང་གི་{མྱིག་,མིག་}ལ་བསྒྲིབས་པ་མེད་པ་དེ་དག་གིས་ནི་དེ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 294a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。