sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 256a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 256a
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 36 函 · 德格 256a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཚིག་ཐ་དད་པ་ཡང་དག་པར་ཤེས་པས། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། མ་འདྲེས་པའི་དེ་བཞིན་གཤེགས་པའི་གསུང་རྗེས་སུ་བསྒྲགས་པས་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། དེ་བཞིན་གཤེགས་པའི་ཡེ་ཤེས་འོད་གསལ་བ་དང་། སྤྱོད་པའི་དཀྱིལ་འཁོར་ལ་མོས་པས་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་ཐ་དད་པ་ཡང་དག་པར་ཤེས་པའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་
ཐོབ་ཅིང་། བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པ་ཆོས་སྨྲ་བ་ཆེན་པོའི་གོ་འཕང་ལ་གནས་པའི་ཚེ། དོན་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། ཆོས་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། ཡེ་ཤེས་མངོན་པར་བསྒྲུབ་པ་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། སྣང་བ་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། བློ་གྲོས་བཟང་པོ་དང་ལྡན་པའི་གཟུངས་དང་། དབྱིག་དང་ལྡན་པའི་གཟུངས་དང་། གྲགས་པ་དང་ལྡན་པའི་གཟུངས་དང་། གཟི་བརྗིད་དང་ལྡན་པའི་གཟུངས་དང་། ཆགས་པ་མེད་པའི་སྒོའི་གཟུངས་དང་།
མཐའ་ཡས་པ་དང་ལྡན་པའི་གཟུངས་དང་། དོན་སྣ་ཚོགས་ཀྱི་མཛོད་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། དེ་གཟུངས་དེ་དག་ལ་སོགས་པ་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་{མྱེད་,མེད་}པ་ཕྲག་བཅུ་ཡོངས་སུ་ཚང་བར་འཐོབ་སྟེ། །གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་{མྱེད་,མེད་}པ་ཕྲག་བཅུ་དང་ལྡན་པའི་དབྱངས་ཀྱི་ཡན་ལག་ལ་མཁས་པས་དེ་སྙེད་དུ་ཚད་མེད་པ་ཉིད་དང་ལྡན་པའི་སྤོབས་པ་རྣམ་པར་ཕྱེ་བའི་སྒོས་ཆོས་སྟོན་ཏོ། །དེ་དེ་ལྟར་ཚད་{མྱེད་,མེད་}པའི་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་{མྱེད་,མེད་}པས་ཚད་{མྱེད་,མེད་}པའི་སངས་རྒྱས་བཅོམ་ལྡན་འདས་ལས་ཆོས་
ཉན་ཅིང་ཐོས་ནས་ཀྱང་བརྗེད་པར་{མྱི་,མི་}བྱེད་དེ། ཇི་སྐད་དུ་ཐོས་པ་ཡང་ཚད་{མྱེད་,མེད་}པ་རྣམ་པར་ཕྱེ་བས་ཤིན་ཏུ་སྟོན་ཏོ། །དེ་ནི་དེ་བཞིན་གཤེགས་པ་གཅིག་ལས་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུས་ཆོས་ཁོང་དུ་ཆུད་པར་བྱེད་དེ། དེ་བཞིན་གཤེགས་པ་གཅིག་ལས་ཇི་ལྟ་བ་དེ་བཞིན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 256a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。