sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 18b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 18b
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 36 函 · 德格 18b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་དག་པར་འཇུག་པས། དགེ་བའི་རྩ་བ་ཐམས་ཅད་{མྱི་,མི་}ཟད་པ་ཡིན། ཞིང་རྣམ་པར་དག་པས་ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་{མྱི་,མི་}ཟད་པ་ཡིན། སེམས་ཅན་གྱི་ཁམས་རྣམ་པར་དག་པ་ལ་རྣམ་པར་དཔྱོད་པས་དགེ་བའི་རྩ་བ་{མྱི་,མི་}ཟད་པ་ཡིན།ཆོས་ཀྱི་དབྱིངས་སུ་འཇུག་པ་ལ་ཞུགས་པས་དགེ་བའི་རྩ་བ་{མྱི་,མི་}ཟད་པ་ཡིན། ནམ་མཁའི་ཁམས་ལྟར་ཚད་{མྱེད་,མེད་}པའི་སེམས་ལ་ཡོངས་སུ་སྒོམ་པས་དགེ་བའི་རྩ་བ་{མྱི་,མི་}ཟད་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་ཤིན་ཏུ་མོས་པས་དགེ་བའི་རྩ་བ་{མྱི་,མི་}ཟད་པ་ཡིན། བྱང་
ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ལ་བརྩོན་པས་དགེ་བའི་རྩ་བ་{མྱི་,མི་}ཟད་པ་ཡིན། དུས་གསུམ་རབ་ཏུ་རྣམ་པར་འབྱེད་པས་དགེ་བའི་རྩ་བ་{མྱི་,མི་}ཟད་པ་ཡིན་ཏེ། དེ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་སེམས་ཅན་{མྱེད་,མེད་}པར་རབ་ཏུ་རྟོག་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་སྲོག་{མྱེད་,མེད་}པར་ཁོང་དུ་ཆུད་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་བྱེད་པ་{མྱེད་,མེད་}པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཐམས་ཅད་ལ་གང་ཟག་{མྱེད་,མེད་}པར་སེམས་ཤིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ཉོན་མོངས་པ་
{མྱེད་,མེད་}པར་རབ་ཏུ་རྟོག་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ཀྱི་རྟེན་པ་ཡང་དག་པར་མཐོང་ཤིང་ཡོངས་སུ་བསྔོའོ། །དངོས་པོ་ཐམས་ཅད་ལ་{མྱི་,མི་}གནས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡོངས་སུ་བསྔོའོ། །ཞིང་ཐམས་ཅད་ལ་ཡང་དག་པར་{མྱི་,མི་}གནས་པ་ཉིད་དུ་ཤེས་ཤིང་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་{མྱི་,མི་}གནས་པ་ཉིད་དུ་ལྟ་ཞིང་ཡོངས་སུ་བསྔོའོ། །{དམྱིགས་,དམིགས་}པ་ཐམས་ཅད་ལ་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་ཉིད་དུ་ཤེས་པས་མཐོང་ཞིང་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཡོངས་སུ་བསྔོ་བས་ཞིང་གང་
ཡང་ཀུན་ནས་ཉོན་མོངས་པ་དང་བཅས་པར་{མྱིག་,མིག་}ལམ་དུ་སྣང་བར་མི་འགྱུར་རོ། །ཀུན་ཏུ་ལྟ་ཡང་སེམས་ཅན་གང་ཡང་{མྱི་,མི་}མཐུན་པ་མཐོང་བར་{མྱི་,མི་}འགྱུར་རོ། །སྤྱོད་པའི་ཚེ་ཆོས་གང་ཡང་ཡང་དག་པར་{མྱི་,མི་}མཐོང་ངོ་། །ཡེ་ཤེས་ཀྱི་འཇུག་པས་གང་ལ་ཡང་འཇུག་པ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 18b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。