sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 253a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 253a
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 36 函 · 德格 253a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་བསམ་པ་ཐ་མ་དང་འབྲིང་དང་། རབ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས་བསམ་པ་རྣམ་པ་ཐ་དད་པ་སྟོང་ཕྲག་དུ་མའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་བག་ལ་ཉལ་བ་རྣམས་བསམ་པ་དང་ལྷན་ཅིག་སྐྱེས་པ་དང་། སེམས་དང་ལྷན་ཅིག་སྐྱེས་པ་དང་། སེམས་དང་ལྡན་པ་དང་། སེམས་དང་{མྱི་,མི་}ལྡན་པ་དང་རིང་དུ་སོང་བ་དང་། ཐོག་མ་མེད་པ་ནས། གུད་དུ་མ་བསྐྱོད་པ་དང་། བསམ་གཏན་དང་རྣམ་པར་ཐར་
པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་བཟོད་པར་དཀའ་བ་དང་། ཁམས་གསུམ་པའི་མཚམས་ཤིན་ཏུ་སྦྱོར་བ་དང་། ཐོག་མ་མེད་པའི་དུས་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་རྒྱུ་བར་བྱེད་པ་དང་། སྐྱེ་བའི་སྒོ་ཀུན་ནས་འབྱུང་བ་རྣམ་པར་{དམྱིགས་,དམིགས་}པར་བྱེད་པ་དང་། གཉེན་པོ་ཐོབ་པས་དངོས་པོར་{མྱི་,མི་}འགྱུར་བ་དང་། སའི་སྐྱེ་མཆེད་དང་ཕྲད་པ་དང་། མི་ཕྲད་པ་དང་། འཕགས་པའི་ལམ་ཐ་དད་པ་{མྱེད་,མེད་}པས་ཡང་དག་པར་བསྩལ་བ། ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་སྐྱེ་བ་རྣམ་
པ་ཐ་དད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ལས་ཇི་ལྟ་བ་བཞིན་དུ་སྐྱེ་བ་དང་། སེམས་ཅན་དམྱལ་བ་དང་བྱོལ་སོང་དང་{ཡི་དགས་,ཡི་དྭགས་}དང་། ལྷ་མ་ཡིན་དང་། {མྱི་,མི་}དང་། ལྷའི་གནས་རྣམ་པར་དགོད་པ་དང་། གཟུགས་དང་གཟུགས་{མྱེད་,མེད་}པར་སྐྱེ་བ་དང་། འདུ་ཤེས་ཡོད་པ་དང་འདུ་ཤེས་{མྱེད་,མེད་}པར་སྐྱེ་བ་དང་། ལས་ཀྱི་ཞིང་དང་། སྲེད་པའི་རླན་དང་། མ་རིག་པའི་མུན་པ་དང་། རྣམ་པར་ཤེས་པའི་ས་བོན་གྱིས་ཡང་སྲིད་པ་རབ་ཏུ་འབྱུང་བ་དང་། {མྱིང་,མིང་}དང་གཟུགས་ལྷན་ཅིག་སྐྱེས་ཤིང་ཐ་{མྱི་,མི་}དད་པ་དང་།
སྲིད་པར་འགྲོ་ཡང་ཁྱེར་ཞིང་སྲེད་པས་མངོན་པར་མོས་པའི་མཚམས་སྦྱོར་བ་དང་། སྤྱོད་པར་འདོད་པ་དང་། འབྱུང་བར་འདོད་པ་དང་། སེམས་ཅན་ལ་མོས་པ་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་དང་། ཁམས་གསུམ་པ་ཡོངས་སུ་འཛིན་པ་དང་། སྲིད་པ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 253a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。