sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 28a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 28a
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 36 函 · 德格 28a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཕྱིར་སྣང་བ་ཤིན་ཏུ་གསལ་ཞིང་དང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་{མྱེད་,མེད་}པའི་ཁམས་ཡོངས་སུ་ཤེས་ཤིང་སྣང་བ་རབ་རིབ་{མྱེད་,མེད་}པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་འགྱེད་པའི་ལུས་སུ་མངོན་པར་བྱུང་ཞིང་སྣང་བ་མཐའ་ཡས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་{མྱི་,མི་}ལྡོག་པའི་སེམས་དང་ལྡན་ཞིང་འོད་ཀུན་ཏུ་སྣང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱེད་
པ་དང་ལྡན་ཞིང་སངས་རྒྱས་ཀྱི་འོད་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་འོད་གཅིག་གིས་རྒྱས་པར་བྱེད་ཅིང་། ཐོགས་པ་{མྱེད་,མེད་}པའི་སྣང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་གྱིས་{མྱི་,མི་}ཁྱབ་པའི་ཞིང་དུ་འོད་ཟེར་རབ་ཏུ་འགྱེད་ཅིང་སྣང་བ་དཔག་ཏུ་{མྱེད་,མེད་}པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྐར་མདས་འགྲོ་བ་ཐམས་ཅད་སྣང་བར་བྱེད་པའི་འོད་དང་ལྡན་ཞིང་འོད་སྣང་བའི་སྐར་མདའི་རྒྱལ་པོ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཞིང་ཀུན་ཏུ་
འོད་འགྱེད་པའི་རྣམ་པར་འཕྲུལ་པས་བྱུང་ཞིང་སྣང་བ་ཁ་དོག་མཐའ་ཡས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མར་མེའི་སྦྱིན་པ་རབ་ཏུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་།སེམས་ཅན་ཐམས་ཅད་ལ་བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཡོངས་སུ་བཟུང་བས་ཡོངས་སུ་འཛིན་ཏོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཡང་དག་པར་བཟུང་བས་ཡང་དག་པར་འཛིན་ཏོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་
རྩ་བའི་སྐལ་བས་བགོ་བཤའ་བྱེད་དོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བས་སྙིང་བརྩེ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བའི་སྐལ་བ་སྦྱིན་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་རབ་ཏུ་བཟུང་བས་རབ་ཏུ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 28a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。