sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 129b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 129b
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 36 函 · 德格 129b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཕྱེ་བ་ལ་གནས་པ་དང་། {དམྱིགས་,དམིགས་}པ་བསམ་གྱིས་{མྱི་,མི་}ཁྱབ་པ་དང་། སྤྱོད་པ་དགེ་བས་བྱུང་བས་དབང་པོ་རེ་རེ་ལ་དབང་པོ་བརྗོད་དུ་{མྱེད་,མེད་}པའི་ཡང་བརྗོད་དུ་{མྱེད་,མེད་}པར་ཡང་དག་པར་གཟུང་བ་ཡོངས་སུ་ཤེས་པར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་ཅིག །ཤིན་ཏུ་རྟོགས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་དང་། འཇིགས་པ་{མྱེད་,མེད་}པའི་སེམས་དང་། རྨོངས་པ་{མྱེད་,མེད་}པའི་སེམས་དང་། འཁྲུགས་པ་{མྱེད་,མེད་}པའི་སེམས་དང་། རྣམ་པར་འཁྲུགས་པ་{མྱེད་,མེད་}པའི་
སེམས་དང་། བསླད་པ་{མྱེད་,མེད་}པའི་སེམས་དང་། དབང་པོ་{མྱི་,མི་}དམའ་བའི་སེམས་དང་། རྩེ་གཅིག་པའི་སེམས་དང་། ཤིན་ཏུ་མཉམ་པར་བཞག་པའི་སེམས་དང་། ཆོས་ཤིན་ཏུ་རྣམ་པར་ཕྱེ་བའི་སེམས་དང་། ཡེ་ཤེས་ཤིན་ཏུ་བརྟེན་པའི་སེམས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། ཡོངས་སུ་བསྔོ་བའི་རྗེས་སུ་སོང་བའི་སེམས་ཀྱིས་གཟུགས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ལུས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཞིང་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་ཤེས་པ་ཤིན་
ཏུ་ཕྲ་བ་དང་། འཇིག་རྟེན་ཤེས་པ་ཤིན་ཏུ་བྲ་བ་དང་། ཡུལ་ཤེས་པ་ཤིན་ཏུ་ཕྲ་བ་དང་། དུས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་གྲངས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ལས་ཀྱི་རྣམ་པར་སྨྱིན་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། རྣམ་པར་དག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་།ཤིན་ཏུ་ཕྲ་བ་འདི་དག་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་ཏུ་བརྐྱང་བའི་ཡེ་ཤེས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་རྗེས་སུ་སོང་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་གྱུར་ཅིག །ཤིན་ཏུ་རྟོགས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་
རྩ་བ་འདིས་ཆགས་པ་{མྱེད་,མེད་}པ་དང་། གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་སུ་རག་ལས་པ་{མྱེད་,མེད་}པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་གནས་ཤིང་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བརྩོན་པའི་སྤྱོད་པ་ཆེན་པོ་ལ་དུབ་པ་{མྱེད་,མེད་}པར་གནས་ཤིང་སེམས་ཅན་གྱི་རྒྱུད་ཤིན་ཏུ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 129b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。