sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 59a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 59a
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 36 函 · 德格 59a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཅད་ཀྱི་སྦྱིན་པའི་ལས་ལ་རབ་ཏུ་གནས་པའི་སེམས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཡིད་ལ་བྱ་བས་མངོན་དུ་གྱུར་པའི་གཏོང་བའི་སེམས་དང་ལྡན་པ། སློང་བ་ཐམས་ཅད་རྒྱུན་མི་འཆད་པར་རྒྱུ་བ་རབ་ཏུ་མཆོད་པའི་སེམས་དང་ལྡན་པ། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྐྱོ་བ་{མྱེད་,མེད་}པ་དང་། རྒྱལ་པོ་གཡོ་བ་མེད་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མེད་པ་དག་གིས་ཀྱང་སྙིང་ཡོངས་སུ་བཏང་བར་གྱུར་པ། དེ་ལྟར་སློང་བ་ཀུན་ནས་འོངས་པ་རྣམས་(གྱིས་,ཀྱིས་)བསླངས་
ཤིང་། རང་གི་ལུས་ལས་སྙིང་ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པ་དང་། སྤོང་བ་དང་། ཐོབ་པར་བྱེད་པ་དང་། ལྷག་པའི་བསམ་པ་རྣམ་པར་སྤྱད་པ་དང་། འགྲོ་བ་ཐམས་ཅད་རབ་ཏུ་དགྲོལ་བའི་ཕྱིར་སྟོབས་བཅུའི་བྱང་ཆུབ་ལ་{དམྱིགས་,དམིགས་}པར་བྱེད་པ་དང་། སྨོན་ལམ་ཆེན་པོས་ནན་ཏན་དུ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པ་དང་། སྨོན་ལམ་ཡོངས་སུ་མི་གཏོང་བས། སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་
ཅད་རྡོ་རྗེའི་རང་བཞིན་ལྟ་བུས་ཡོངས་སུ་བཟུང་བའི་སྙིང་དཔལ་གྱི་བེའུས་བརྒྱན་པ་དང་ལྡན་ཞིང་རྡོ་རྗེའི་རི་ཁོར་ཡུག་ཐམས་ཅད་ལྟར་{མྱི་,མི་}ཤིགས་ཤིང་རྡོ་རྗེའི་སྙིང་པོ་ལྟ་བུའི་སྙིང་དང་ལྡན་པ་དང་། བག་ཚ་བ་མེད་པའི་སྙིང་དང་ཐུབ་པར་དཀའ་བའི་སྙིང་དང་། འཇིག་རྟེན་ཐམས་ཅད་ཀྱིས་མི་འཕྲོགས་པའི་སྙིང་དང་། དཔའ་བའི་རྒྱལ་མཚན་ཡེ་ཤེས་ཀྱི་སྙིང་པོ་ཅན་གྱི་སྙིང་དང་། མཐུ་བོ་ཆེ་ཆེན་པོ་དམ་པའི་སེམས་ཀྱི་རྒྱལ་མཚན་གྱི་སྙིང་དང་། འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ལྟ་བུར་{མྱི་,མི་}འཕྲོགས་པའི་སྙིང་དང་། མཐུ་བོ་ཆེ་ལྟར་{མྱི་,མི་}ཤིགས་
པའི་སྙིང་པོ་ཅན་གྱི་སྙིང་དང་། བདུད་ཀྱི་ལས་དང་བདུད་ཀྱི་དཔུང་དང་བདུད་ཀྱི་སྡེ་རྣམ་པར་འཇོམས་པའི་སྙིང་དང་། བརྟན་པའི་སྙིང་དང་། གཟེང་མཐོ་བའི་སྙིང་དང་། དཔའ་བའི་སྙིང་དང་། བརྟུལ་ཕོད་པའི་སྙིང་དང་། {མྱི་,མི་}འཇིགས་{མྱི་,མི་}དངངས་སྐྲག་པར་{མྱི་,མི་}
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 59a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。