藏传佛教 · 德格甘珠尔 · 华严

德格《甘珠尔》D44

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44

完整藏文原文 · 德格版页 当前仅加载第 36 函德格 126a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཞིང་གི་རྒྱུད་ལ་རབ་ཏུ་ཞུགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་སུ་སངས་རྒྱས་ཀྱི་རིགས་སུ་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་

D44.036.0126a01.01
2

རྒྱུད་ལ་གནས་ཤིང་རྣམ་པའི་ཚུལ་རྣམ་པ་ཐ་དད་པ་བརྗོད་དུ་{མྱེད་,མེད་}པའི་ཡང་བརྗོད་དུ་{མྱེད་,མེད་}པ་བསམ་གྱིས་{མྱི་,མི་}ཁྱབ་པའི་ལྷག་པའི་བསམ་པས་རྣམ་པར་ཕྱེ་བ་ཐོབ་སྟེ། ཚད་{མྱེད་,མེད་}པའི་སྨོན་ལམ་ལ་ཡང་དག་པར་བརྩོན་ཞིང་ཆོས་ཀྱི་དབྱིངས་

D44.036.0126a02.01
3

ཐམས་ཅད་དང་། དུས་གསུམ་གྱི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱུན་{མྱི་,མི་}ཆད་པར་རབ་ཏུ་ཞུགས་པའི་སེམས་སུ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཚུལ་ཤེས་པ་དང་། རབ་ཏུ་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་རབ་ཀྱི་

D44.036.0126a03.01
4

དབྱིངས་ལ་རབ་ཏུ་ཞུགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྒོས་རྣམ་པར་དག་པར་བྱས་པའི་{མྱིག་,མིག་}གི་སྒོ་དང་ལྡན་ཞིང་། ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་

D44.036.0126a04.01
5

སེམས་སུ་སྐྲ་ཡི་སྦུབས་རེ་རེ་ཞིང་བརྗོད་དུ་{མྱེད་,མེད་}པའི་ཡང་བརྗོད་དུ་{མྱེད་,མེད་}པའི་ཞིང་རྣམས་ཡང་དག་པར་འཛུད་པ་རབ་ཏུ་ཤེས་པར་གྱུར་ཅིག །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་པ་ཉེ་བར་བཟུང་སྟེ། ནམ་མཁའི་དབྱིངས་

D44.036.0126a05.01
6

ཀྱི་མཐར་ཐུག་པར་གྱུར་ཏེ། སྐྲའི་སྦུབས་གཅིག་ཏུ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ནམ་མཁའི་མཐས་གཏུགས་པའི་སྐྲ་ཡི་སྦུབས་ཐམས་ཅད་དུ་འཛུད་པ་ལ་རབ་ཏུ་མཁས་པར་གྱུར་ཅིག །ཤིན་ཏུ་ཤེས་པར་གྱུར་ཅིག་

D44.036.0126a06.01
7

མངོན་པར་རྟོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་སུ་སེམས་ཀྱི་སྐད་ཅིག་གཅིག་ལ་བརྗོད་དུ་{མྱེད་,མེད་}པའི་བསྐལ་པ་ལྷག་པའི་བསམ་པས་ཡང་དག་པར་སྟོན་པར་བྱེད་ཅིང་མཐའ་

D44.036.0126a07.01