sangs rgyas phal po che zhes bya ba shin tu rgyas pa chen po'i mdo/
当前为德格木刻版 276b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 276b
- 可引用原文
- 7 行
- 全文规模
- 全经 21606 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 38 函 · 德格 276b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་འཕགས་མས་བདག་ལ་བསྟན་དུ་གསོལ།དེས་སྨྲས་པ་རིགས་ཀྱི་བུ་ཁོ་མོ་ནི་ཆོས་ཀྱི་རྣམ་གྲངས་གནས་མེད་པའི་དཀྱིལ་འཁོར་ཅེས་བྱ་བ་ཤེས་ཤིང་སྟོན་པ་སྟེ། ཁོ་མོས་ཐོགས་པ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པོ། །ཏིང་ངེ་འཛིན་དེ་ནི་ཆོས་གང་ལ་ཡང་ཐོགས་པ་{མྱེད་,མེད་}དེ། དེ་ལ་གནས་ན་
ཐམས་ཅད་མཁྱེན་པ་ཉིད་དུ་{མྱིག་,མིག་}ཐོགས་པ་མེད་པ་ལ་འཇུག་གོ །ཐམས་ཅད་མཁྱེན་པ་ཉིད་དུ་རྣ་བ་ཐོགས་པ་{མྱེད་,མེད་}པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྣ་ཐོགས་པ་{མྱེད་,མེད་}པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ལྕེ་ཐོགས་པ་{མྱེད་,མེད་}པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ལུས་ཐོགས་པ་{མྱེད་,མེད་}པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ཐོགས་པ་{མྱེད་,མེད་}པ་ཡང་རབ་ཏུ་འཇུག་གོ །ཐམས་ཅད་མཁྱེན་པ་ཉིད་ཀྱི་རླབས་ཐོགས་པ་{མྱེད་,མེད་}པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྣང་བ་ཐོགས་པ་{མྱེད་,མེད་}པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་
ཤུགས་ཐོགས་པ་{མྱེད་,མེད་}པ་འགྲོ་བ་རབ་ཏུ་སྣང་བའི་དཀྱིལ་འཁོར་དག་ཀྱང་རབ་ཏུ་འཇུག་གོ །རིགས་ཀྱི་བུ་ཁོ་མོ་ནི་ཆོས་ཀྱི་རྣམ་གྲངས་གནས་མེད་པའི་དཀྱིལ་འཁོར་འདི་ཤེས་ཤིང་ཁོང་དུ་ཆུད་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆགས་པ་མེད་པ་ལ་རིལ་གྱིས་ཤེས་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་ན་གྲོང་ཁྱེར་རྒྱས་པའི་འགྲམ་ཞེས་པ་ཡོད་དེ། དེ་ན་གསེར་འཚོང་གཅེས་པ་གཏོང་བ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་
ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་{བཟངས་ཀྱིས་,བཟང་གིས་}དགེ་བསྙེན་མ་བཟང་མོའི་མཆོག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་བཟང་མོའི་མཆོག་ལ་ལན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D44
- 德格版页
- 276b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。