藏传佛教 · 德格甘珠尔 · 华严

德格《甘珠尔》D44第 38 函 · 德格 238a

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44
返回文本目录:《sangs rgyas phal po che zhes bya ba shin tu rgyas pa chen po'i mdo/》
德格《甘珠尔》D44藏文原典完整藏文原文 · 德格版页

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/

当前为德格木刻版 238a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
238a
可引用原文
7 行
全文规模
全经 21606 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 5 函第 38 函 · 德格 238a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

ཅན་གཞན་ནམ་གཅིག །བདག་གི་ཡིན་པར་འདུ་ཤེས་བྱེད་{མྱེད་,མེད་}དམ། །ཁྱོད་ཀྱི་ཡིད་ནི་གསོད་ལ་{མྱི་,མི་}དགའ་འགྲང་། །གཞན་ལས་མ་བྱིན་ཕྲོགས་པར་མི་བྱེད་དམ། །འདོད་པས་ལོག་པར་གཡེམ་ལ་{མྱི་,མི་}དགའ་འགྲང་། །{བརྫུན་,རྫུན་}དུ་བརྗོད་སྨྲར་ཡིད་ནི་མི་མོས་སམ། །ཁྱོད་ཀྱི་བློ་གྲོས་མཛའ་འབྱེད་མི་འཇུག་གམ། །ཚིག་བརླང་གཞན་ལ་གནོད་པར་{མྱི་,མི་}སྨྲ་འགྲང་། །གཞན་གྱི་ནོར་ལ་ཆགས་པར་སེམས་{མྱེད་,མེད་}དམ། །འགྲོ་བ་རྣམས་ལ་གནོད་པར་{མྱི་,མི་}སེམས་འགྲང་། །བལྟ་བའི་འབྲོག་དགོན་ལམ་དུ་མ་ཞུགས་འགྲང་། །ལས་ཀྱི་

རྒྱུད་ལ་ཡེ་བརྡམ་སེམས་{མྱེད་,མེད་}དམ། །གཡོ་མདོག་སྒྱུ་ཡི་དབང་དུ་མི་འགྲོའམ། །མི་འཐད་འཇིག་རྟེན་གནོད་པར་{མྱི་,མི་}བྱེད་འགྲང་། །ཕ་མ་གཉེན་དང་མཛའ་བཤེས་བླ་མ་ལ། །སྲི་ཞུ་རིམ་གྲོར་བྱ་བའི་ཚུལ་འཆང་ངམ། །ཕོངས་པར་གྱུར་པ་ཡོངས་སུ་བསྡུ་དོན་དུ། །ཁྱེད་ཀྱི་ཡིད་ལ་བྱིན་པར་སེམས་ཡོད་དམ། །ཆོས་དང་མཐུན་པར་དུས་སུ་འདོམས་བྱེད་ཅིང་། །ལུས་དང་སེམས་ཡིད་ཡོངས་སུ་དག་བྱེད་ལ། །ཡང་དག་ལས་སུ་རུང་བ་སྐྱེད་བྱེད་པའི། །དགེ་བཤེས་རྣམས་ལ་དགའ་བར་སེམས་ཡོད་དམ། སངས་རྒྱས་རྣམས་ལ་རིམ་གྲོར་

བྱེད་ལྡན་ནམ། །སངས་རྒྱས་སྲས་ལ་དགའ་མཆོག་ཡོད་དམ་{མྱེད,མེད}། གང་ལས་བདེ་གཤེགས་སྲས་རྣམས་སྐྱེར་འགྱུར་བའི། །ཆོས་ཀྱི་དམ་པ་དེ་ནི་ཤེས་མི་ཤེས། །ཆོས་ཡིད་མཆོག་ལ་གནས་པར་ཁྱོད་བྱེད་འགྲང་། །ཆོས་མིན་སྤྱད་པའི་བློ་གྲོས་མེད་འགྲང་ངོ་། །ལེགས་པ་མཐའ་ཡས་ཡོན་ཏན་རྒྱ་མཚོ་ལ། །གུས་པའི་སྲི་ཞུ་དགའ་སེམས་མཆོག་ཡོད་མ། །སྐྱེ་བོ་མགོན་མེད་ཕོངས་པར་གྱུར་པ་ཡི། །འདྲེན་པ་རྣམས་ལ་བྱམས་པའི་ཡིད་ཡོད་དམ། །ངན་སོང་འགྲོ་བའི་ལམ་ལ་ཞུགས་པ་ཡི། །ཤིན་ཏུ་ཉམ་ཐག་སྙིང་རྗེ་སེམས་

འགྲང་ངོ་། །གཞན་གྱི་ཕུན་སུམ་ཚོགས་པ་མཐོང་གྱུར་ན། །ཁྱོད་ནི་དགའ་བ་མཆོག་དང་ལྡན་འགྱུར་རམ། །སྐྱེ་བོ་ཉོན་མོངས་རྣམས་ཀྱིས་འཁོལ་གྱུར་ལ། །ཤེས་རབ་མཐུ་བསྐྱེད་བཏང་སྙོམས་བྱེད་མི་བྱེད། །{མྱི་,མི་}ཤེས་གཉིད་ལོག་སྐྱེ་བོ་མང་མཐོང་ན། །བྱང་ཆུབ་དམ་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D44
德格版页
238a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。