藏传佛教 · 德格甘珠尔 · 华严

德格《甘珠尔》D44第 38 函 · 德格 196a

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44
返回文本目录:《sangs rgyas phal po che zhes bya ba shin tu rgyas pa chen po'i mdo/》
德格《甘珠尔》D44藏文原典完整藏文原文 · 德格版页

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/

当前为德格木刻版 196a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
196a
可引用原文
7 行
全文规模
全经 21606 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 5 函第 38 函 · 德格 196a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

པ། ཚེའི་ཚད་སྣ་ཚོགས་དང་ལྡན་པ། བསྟན་པའི་བྱིན་གྱི་རླབས་སྣ་ཚོགས་དང་ལྡན་པ། བསྟན་པ་རྣམ་པར་{དམྱིགས་,དམིགས་}པ་སྣ་ཚོགས་དང་ལྡན་པ། {མྱིང་,མིང་}སྣ་ཚོགས་དང་ལྡན་པ། སྙིང་རྗེ་ཆེན་པོའི་ལུས་སུ་གྱུར་པ་ཤ་སྟག་ཏུ་འགྱུར་ཏེ། དེ་དག་གི་བསྐལ་པའི་དང་པོ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་མངའ་བ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རིན་ཆེན་འོད་དུ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་

དེ་བཞིན་གཤེགས་པ་གཉིས་པ་འགྲོ་བ་ཐམས་ཅད་ལ་ཕན་པའི་སྨོན་ལམ་བཟླ་བ་ཞེས་བྱ་བ་འབྱུང་ངོ་། །དེ་བཞིན་གཤེགས་པ་གསུམ་པ་ཐུགས་རྗེ་ཆེན་པོའི་སེང་གེ་ཞེས་བྱ་བ་འབྱུང་ངོ་། །དེ་བཞིན་གཤེགས་པ་བཞི་པ་འཇིག་རྟེན་ཐམས་ཅད་ལ་ཕན་པར་མཛད་པ་ཞེས་བྱ་བ་འབྱུང་བ་ནས། ཐམས་ཅད་ཀྱི་ཐ་མ་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་ཞེས་བྱ་བ་འབྱུང་བར་འགྱུར་རོ་ཞེས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། །དེའི་ཚེ་དེའི་དུས་ན་

གཡོན་དང་ལྡན་པའི་མིའི་རྒྱལ་པོ་ལ་སྙིང་རིང་བར་གྱུར་ཏེ། ཁོ་མོས་གསོད་མ་{མྱིའི་,མིའི་}ལག་ཏུ་ཕྱིན་པ་ལས་རང་གི་ལུས་དང་སྲོག་ཡོངས་སུ་བཏང་སྟེ། བཙོན་ར་དེ་དག་ནས་བཀྱེ་བ་དེ་རྣམས་གཞན་དག་ཅིག་ཡིན་པ་ཙམ་དུ་སེམས་ན་ནི། དེ་ལྟར་{མྱི་,མི་}བལྟ་སྟེ། དེ་བཞིན་གཤེགས་པ་ལོག་པར་དད་སེལ་ལ་{སྩོགས་,སོགས་}པ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གྲངས་{མྱེད་,མེད་}པ་བརྒྱ་སྟོང་ཕྲག་བཅུ་དག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་སྟོབས་མཐའ་ཡས་གྲགས་པར་བརྗོད་པའི་དཔལ་ཡང་དག་པར་འབྱུང་བའི་བློ་གྲོས་མཐོང་བར་གྱུར་མ་ཐག་ཏུ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ད་ལྟར་ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D44
德格版页
196a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。