藏传佛教 · 德格甘珠尔 · 华严

德格《甘珠尔》D44第 38 函 · 德格 24a

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44
返回文本目录:《sangs rgyas phal po che zhes bya ba shin tu rgyas pa chen po'i mdo/》
德格《甘珠尔》D44藏文原典完整藏文原文 · 德格版页

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/

当前为德格木刻版 24a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
24a
可引用原文
7 行
全文规模
全经 21606 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 5 函第 38 函 · 德格 24a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

རིན་པོ་ཆེའི་ཤར་བུ་བརྒྱ་ཕྲག་བཅུས་རྣམ་པར་ཕྱེ་བ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་བླ་གབ་ཅན་ནོར་བུ་རིན་པོ་ཆེ་སྒྲ་སྣང་བ་རྣམ་པར་དག་པའི་སྙིང་པོ་ཅན། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་ལས་སྒྲ་སྙན་ཅིང་། ཡིད་དུ་འོང་བ་འབྱུང་བ། ནོར་བུ་རིན་པོ་ཆེའི་འོད་ཕྱོགས་ཀུན་ཏུ་འཕྲོ་བ་ཅན་དྲུང་ནས་བཟུང་ཞིང་བསྒྲེང་བ། རྒྱལ་པོའི་གཟི་བརྗིད་དང་དབང་ཆེན་པོ་ལ་གནས་པ། སྲིད་ལ་གཞན་གྱི་འཁོར་གྱིས་གཙེ་བ་མེད་པ། དགྲའི་འཇིགས་པ་དང་བྲལ་བའི་དབང་ཕྱུག་དང་ལྡན་པར་འདུག་པ་མཐོང་ངོ་། །དེའི་འཁོར་ཀུན་ནས་ཀྱང་བློན་པོ་སྟོང་

ཕྲག་བཅུ་ཚོགས་ཤིང་རྒྱལ་པོའི་དགོས་པ་བསྒྲུབ་པ་ལ་བརྩོན་པ་མཐོང་ངོ་། །དེའི་མདུན་ན་ཆད་པས་གཅོད་པའི་{མྱི་,མི་}སེམས་ཅན་དམྱལ་བའི་སྲུངས་མ་ལྟ་བུ། གཤིན་རྗེའི་གཡོག་འཁོར་ལྟ་བུ་འཇིགས་འཇིགས་ལྟའི་གོས་གྱོན་པ། གཏུམ་ཞིང་{མྱི་,མི་}བཟད་ལ་འཇིགས་པ་ཆེན་པོ་བསྐྱེད་པ་{མྱིག་,མིག་}དམར་བ་སོ་གཙིགས་པ། གདོང་གི་གཉེར་མ་གསུམ་ཁྲོ་གཉེར་དུ་བསྡུས་པ། རལ་གྱི་དང་། སྟ་རེ་དང་། ལྕགས་ཀྱི་ཆང་མདུད་དང་། མདའ་དང་། བེ་རྒ་དང་། མདུང་ལ་{སྩོགས་,སོགས་}པའི་མཚོན་ཆ་དང་། ལག་ཆ་ཐོགས་པའི་ལུས་དང་། བཞིན་གྱི་དབྱིབས་{མྱི་,མི་}སྡུག་ཅིང་འཇིགས་

སུ་རུང་བ། སྤྲིན་ནག་པོ་ལྟར་འདུག་པ། {མྱི་,མི་}སྙན་ཅིང་བརླང་ལ་(བསྡངས་,བསྔངས་)པའི་སྒྲ་དྲག་པོ་འབྱིན་པ། གཟི་ལྟ་བར་དཀའ་བ། འཇིགས་པ་ཆེན་པོ་བསྐྱེད་པ། སྲོག་ཆགས་བརྒྱ་ཕྲག་སྟོང་གི་སྙིང་འགེམས་པར་བྱེད་པ། དེ་ལྟ་བུ་དག་ཆད་པས་གཅད་པར་འོས་པའི་སེམས་ཅན་ཆད་པས་གཅོད་པ་ལ་བརྩོན་པ་མཐོང་ངོ་། །དེ་ན་སྲོག་ཆགས་རྐུ་བ་གཞན་གྱི་ནོར་ལ་འཕྲོག་པ། སེམས་ཅན་གྱི་ལོངས་སྤྱོད་ཆུད་གསོན་པ། ལམ་སྒུགས་ཤིང་འཕྲོག་པ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྷས་ལ་མྱེས་གཏོང་བ། གྲོང་དུ་ཆོམ་པོ་བྱེད་པ། ཁྱིམ་ཕུགས་འདེབས་པ།

སྡིག་སྡིག་ལྟར་བྱེད་པ། དུག་ལྡུད་པ། དཀྲུགས་མ་བྱེད་པ། ཐོང་མི་བྱེད་པ། བྱི་བོ་བྱེད་པ། ལོག་པར་ཞུགས་པ། གནོད་པར་སེམས་པ། འདོད་ཆེན་ཆེ་བ། སྡིག་པ་སྣ་ཚོགས་ཀྱི་ལས་{མྱི་,མི་}བཟད་པ་བྱེད་པ། བརྒྱ་སྟོང་མང་པོ་བཅིང་བ་དམ་པོ་ལྔས་བཅིངས་ཤིང་རྒྱལ་པོ་{མྱེའི་,མེའི་}

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D44
德格版页
24a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。