藏传佛教 · 德格甘珠尔 · 华严

德格《甘珠尔》D44第 38 函 · 德格 19a

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44
返回文本目录:《sangs rgyas phal po che zhes bya ba shin tu rgyas pa chen po'i mdo/》
德格《甘珠尔》D44藏文原典完整藏文原文 · 德格版页

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/

当前为德格木刻版 19a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
19a
可引用原文
7 行
全文规模
全经 21606 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 5 函第 38 函 · 德格 19a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

འཁོར་ཐོགས་པ་{མྱེད་,མེད་}པའི་རྒྱན་ཅེས་བྱ་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་པོ་ཆེ་ཚད་{མྱེད་,མེད་}པའི་འབྱུང་གནས་སུ་གྱུར་པ། སངས་རྒྱས་ཀྱི་སྐུ་རྒྱ་མཚོ་དང་། ཐ་{མྱི་,མི་}དད་པ་ལ་ཞུགས་པ། ཐ་{མྱི་,མི་}དད་པའི་ཆོས་ཀྱི་སྤྲིན་གྱི་ཆར་ཡང་དག་པར་འཛིན་པ། ཐ་{མྱི་,མི་}དད་པའི་ཡོན་ཏན་རྒྱ་མཚོ་ལ་ཞུགས་པ། ཀུན་ཏུ་བཟང་པོའི་སྤྱོད་པའི་དྲ་བ་རྣམ་པར་རྒྱས་པར་གྱུར་པ། ཏིང་ངེ་འཛིན་ཐ་{མྱི་,མི་}དད་པའི་ཡུལ་ལ་ཞུགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐ་{མྱི་,མི་}དད་པས་དགེ་བའི་རྩ་བ་

རྒྱུན་གཅིག་ཏུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་{མྱི་,མི་}དད་ཅིང་རྣམ་པར་{མྱི་,མི་}རྟོག་པར་སྤྱོད་པ། དུས་གསུམ་ཐ་{མྱི་,མི་}དད་པས་མཉམ་པ་ཉིད་ལ་ཞུགས་པ། བསྐལ་པ་ཐམས་ཅད་ཐ་{མྱི་,མི་}དད་པར་ཡོངས་སུ་གནས་པས་{མྱི་,མི་}སྐྱོ་བ། ཀུན་ཏུ་ལྟ་བ་ཐ་{མྱི་,མི་}དད་པའི་ཡུལ་གྱི་ས་ལ་གནས་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་སྦའི་རྩ་བ་ཞེས་བ་བ་ཡོད་དེ། དེའི་གྲོང་ཁྱེར་ཀུན་ནས་སྒོ་ཞེས་བྱ་བ་ན། ཚོང་དཔོན་སྤོས་འཚོང་ཀུན་ཏུ་ལྟ་བ་ཞེས་བྱ་བ་འདུག་

གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་{བཟངས་ཀྱིས་,བཟང་གིས་}ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་གཅད་

ཅེས་བྱ་བ་ཤིན་ཏུ་རྒྱས་ཆེན་པོའི་མདོ། །བམ་པོ་གཉིས་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་{བཟངས་,བཟང་}སངས་རྒྱས་མཐའ་ཡས་པ་མཐོང་བ་ལ་ཞུགས་པ། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་དང་འགྲོགས་པ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D44
德格版页
19a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0044 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。