'phags pa dam pa'i chos dran pa nye bar gzhag pa/
当前为德格木刻版 297b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 297b
- 可引用原文
- 7 行
- 全文规模
- 全经 15132 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 4 函第 68 函 · 德格 297b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文གཞན་ལ་འཁུ་བའི་བསམ་པས་གཞན་གྱི་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་གཞན་དུ་སེམས། བཤེས་གྲོགས་དང་། གཉེན་འདབ་དང་། རྩ་ལག་དང་མི་འཐུན་ཞིང་ཡུལ་ལ་ཞེ་འགྲས་པ་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་{ཡི་དགས་,ཡི་དྭགས་}གླགས་ལྟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ལུས་དང་སྤུ་རྟག་ཏུ་རབ་ཏུ་འབར་ཞིང་ལུས་བཀྲེས་པ་དང་སྐོམ་པས་གདུངས་ལ། ལུས་ཤིང་ལྗོན་པ་ཀིང་ཤུ་ཀ་འདྲ་བ་ངུ་སྐད་འབྱིན་སྨྲེ་སྔགས་འདོན་ཅིང་ས་ཕྱོགས་གང་ན་ཆུ་ཡོད་ཅིག་གུ། གཞན་གང་ན་བདག་
གིས་བཟའ་བའི་ཁ་ཟས་ཀྱི་རྣམ་པ་ཅུང་ཟད་ཡོད་ཅིག་གུ་སྙམ་ནས་རྒྱུག་པར་བྱེད་དོ། །དེ་རེས་འགའ་གལ་ཏེ་མི་བློ་ཞན་པ་ཞིག་དང་ཕྲད་ལ། མི་དེ་མཆོད་རྟེན་སྐོར་བར་མི་བྱེད་པ་དང་། དེའི་ཕྱི་བཞིན་དུ་འབྲང་བའི་ལྷ་དེས་གཏོང་བར་འགྱུར་ལ། དེའི་ཚེ་མི་དེའི་ཕྱི་བཞིན་འབྲང་བའི་ལྷ་དང་བྲལ་བར་འགྱུར་ཏེ་{ཡི་དགས་,ཡི་དྭགས་}གླགས་ལྟ་བ་དེས་གླགས་རྙེད་ནས་རྣམ་པར་འཚེ་བར་བྱེད་ཅིང་དེ་བཟུང་ནས་དེའི་ཚེ་སྲོག་འཚོ་བར་བྱེད་དོ། །དེ་བཞིན་དུ་མི་གཞན་གང་དག་བུད་མེད་དང་ཕྲད་པ་བཙོག་གི་ཉེས་པའམ་ཁ་ཟས་དང་བཏུང་བ་ཟོས་པའི་ལྷག་མ་མི་གཙང་བའི་ཉེས་པ་མ་བཀྲུས་ན་ལྷ་
ཡང་རྣམ་པར་འཚེ་བར་བྱེད་ལ་{ཡི་དགས་,ཡི་དྭགས་}དེ་དེ་ཉིད་ཀྱིས་སྲོག་འཚོ་བ་འཐོབ་པར་འགྱུར་ཞིང་དེའི་མགོན་དེ་ཡིན་ལ་སྐྱབས་དེ་ཡིན་ཏེ། ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚོ་བར་འགྱུར་རོ། །དེ་ཕྱིས་{ཡི་དགས་,ཡི་དྭགས་}ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ།ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ལས་ལ་སྤྱོད་པ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་རྒྱལ་པོ་དང་། ཆུ་དང་། ཆོམ་རྐུན་དང་། མེ་དང་། དགོན་པ་དག་གིས་མ་རུང་བར་བྱེད་ཅིང་རྟག་ཏུ་དབུལ་བ་དང་ནད་བུ་ཅན་
དང་དམན་པར་འགྱུར་བ་མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་{ཡི་དགས་,ཡི་དྭགས་}ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་{ཡི་དགས་,ཡི་དྭགས་}ཀྱི་འཇིག་རྟེན་ན་{ཡི་དགས་,ཡི་དྭགས་}སའི་འོག་ན་གནས་པ་ཞེས་བྱ་བ་མཐོང་ངོ་། །དེར་སེམས་ཅན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D287
- 德格版页
- 297b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0287 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。