'phags pa dam pa'i chos dran pa nye bar gzhag pa/
当前为德格木刻版 286b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 286b
- 可引用原文
- 7 行
- 全文规模
- 全经 15132 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 4 函第 68 函 · 德格 286b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་ལ་རྟོག་པར་བྱེད་དེ་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་འདི་གང་ཞིག་ཡིན་སྙམ་མོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་{ཡི་དགས་,ཡི་དྭགས་}ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་ན་རྒྱུ་བ་དང་། {ཡི་དགས་,ཡི་དྭགས་}ཀྱི་ཡུལ་ན་གནས་པའོ། །དེ་ལ་འཇིག་རྟེན་ན་རྒྱུ་བ་ནི་མཚན་མོ་དག་གལ་ཏེ་མི་རྣམས་ཀྱིས་མཐོང་བར་འགྱུར་རོ། །{ཡི་དགས་,ཡི་དྭགས་}ཀྱི་ཡུལ་ན་གནས་པ་ནི་གང་དུ་སའི་འོག་དཔག་ཚད་ལྔ་བརྒྱ་ན་གནས་ཏེ། {ཡི་དགས་,ཡི་དྭགས་}ཀྱི་ཡུལ་གྱི་རྐྱེན་མ་གཏོགས་པར་འཛམ་བུའི་གླིང་གི་
མཐའ་ནས་དཔག་ཚད་སུམ་སྟོང་དྲུག་བརྒྱ་ཡོད་དོ། །དེ་དག་འཛམ་བུའི་གླིང་དང་ཐག་ཉེ་བ་དང་རིང་བ་ནི་ངེས་པ་མེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་{ཡི་དགས་,ཡི་དྭགས་}ཀྱི་འགྲོ་བ་ལ་རྟོག་པར་བྱེད་དེ། {ཡི་དགས་,ཡི་དྭགས་}ཀྱི་ཡུལ་ཅི་ཙམ་ཡོད་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། {ཡི་དགས་,ཡི་དྭགས་}རྣམ་པ་མང་སྟེ་མདོར་བསྡུ་ན་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་དོ། །དེ་དག་ཐམས་ཅད་ཕྲག་དོག་དང་སེར་སྣའི་རྒྱུས་དེར་སྐྱེ་བར་འགྱུར་ལ་བསམ་པ་སྣ་ཚོགས་སྐྱེད་པ་དང་། སྡུག་བསྔལ་བ་དང་།
བསམ་པ་དང་། བཟའ་བ་སྣ་ཚོགས་དང་། གཡོ་བ་སྣ་ཚོགས་དང་། གནས་སྣ་ཚོགས་དང་། ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་ཡིན་ནོ། །དེ་དག་ཐམས་ཅད་མདོར་བསྡུ་ན་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་དེ། འདི་ལྟ་སྟེ། {ཡི་དགས་,ཡི་དྭགས་}ལྟོ་གུག་དང་། ཡི་དགས་ཁ་ཁབ་ལྟར་ཕྲ་བ་དང་། {ཡི་དགས་,ཡི་དྭགས་}བཤང་བ་ཟ་བ་དང་། {ཡི་དགས་,ཡི་དྭགས་}ཀུན་སྟོན་དང་། {ཡི་དགས་,ཡི་དྭགས་}དྲི་ཟ་བ་དང་། {ཡི་དགས་,ཡི་དྭགས་}ཆོས་ཀྱི་སྦྱིན་པ་ཟ་བ་དང་། {ཡི་དགས་,ཡི་དྭགས་}སྦྱིན་པ་ཟ་བ་དང་། {ཡི་དགས་,ཡི་དྭགས་}ཆུ་འཐུང་བ་དང་། བསམ་པས་འཚོ་བ་
དང་། མཆིལ་མ་ཟ་བ་དང་། ཕྲེང་བ། ཟ་བ་དང་། ཁྲག་ཟ་བ་དང་། ཤ་ཟ་བ་དང་། བདུག་པ་ཟ་བ་དང་། དྲག་ཤུལ་སྤྱོད་པ་དང་། གླགས་ལྟ་བ་དང་། སའི་འོག་ན་གནས་པ་དང་། {ཡི་དགས་,ཡི་དྭགས་}མཐུ་བོ་ཆེ་དང་། མཚན་མོ་ལུས་རབ་ཏུ་འབར་བ་དང་། མི་རྣམས་ལ་གླགས་ལྟ་བ་དང་།
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D287
- 德格版页
- 286b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0287 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。