'phags pa dam pa'i chos dran pa nye bar gzhag pa/
当前为德格木刻版 92b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 92b
- 可引用原文
- 7 行
- 全文规模
- 全经 15132 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 4 函第 68 函 · 德格 92b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པའི་ཕྱིར་ནི་ཞེ་སྡང་གིས་ཀྱང་{བརྫུན་,རྫུན་}སྨྲའོ། །རྙེད་པའི་ཕྱིར་ཡང་{བརྫུན་,རྫུན་}སྨྲ་སྟེ། ནོར་ལ་ཆགས་པ་དེ་{བརྫུན་,རྫུན་}སྨྲའོ། །ཆོས་ལོག་པའི་ཚིག་ཡོངས་སུ་སྡུད་པས་ཀྱང་{བརྫུན་,རྫུན་}སྨྲ་སྟེ། འདི་ལ་བྲམ་ཟེ་རྣམས་ཡོན་ཏན་གྱི་ཕྱིར་དང་། ནོར་འཕྲོག་པའི་ཕྱིར་དང་། རང་གི་སྲོག་ལ་གནོད་པ་དང་། བག་མ་ལེན་པ་དག་གི་ཕྱིར་{བརྫུན་,རྫུན་}སྨྲས་ཀྱང་མི་གོས་སོ་ཞེས་ཟེར་རོ། །དེ་ནི་ཆོས་ལོག་པའི་ཚིག་ཡོངས་སུ་སྡུད་པའི་{བརྫུན་,རྫུན་}སྨྲ་བ་ཡིན་ཏེ། མི་གཏི་མུག་པ་ལོག་པར་ལྟ་བའི་ཚིག་ཡོངས་སུ་སྡུད་པ་འདི་ནི་སེམས་ཅན་དམྱལ་བ་མི་
བཟད་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བ་འགྲུབ་པར་འགྱུར་བའི་ས་བོན་དག་ནི་འདི་ལྟ་སྟེ། {བརྫུན་,རྫུན་}སྨྲ་བ་ཡིན་པས་རང་གི་སྲོག་གི་ཕྱིར་རམ། གཞན་གྱི་སྲོག་གི་ཕྱིར་{བརྫུན་,རྫུན་}ཅུང་ཟད་ཀྱང་སྨྲ་བར་མི་བྱ་བ་འདི་ནི་མཆོག་ཡིན་ནོ། །འཇིགས་པས་ཀྱང་{བརྫུན་,རྫུན་}སྨྲ་སྟེ། གང་བདག་གིས་{བརྫུན་,རྫུན་}འདི་མ་སྨྲས་ན། དེ་བདག་གི་སྲོག་ལ་དམན་པ་དོན་མེད་པ་ཆེན་པོ་འཐོབ་པར་འགྱུར་རོ་སྙམ་ནས་དེ་གང་ལས་འཇིགས་པར་འགྱུར་བ་དེའི་དོན་དུ་{བརྫུན་,རྫུན་}སྨྲ་བ་ཡིན་ཏེ། རྒྱུ་ལྔ་པོ་འདི་དག་གིས་བྱིས་པ་དག་{བརྫུན་,རྫུན་}སྨྲ་བ་སྨྲ་སྟེ།
གཏི་མུག་ནི་ཐམས་ཅད་ལ་གནས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། འཇིག་རྟེན་ཕ་རོལ་ཁྱད་གསོད་ཅིང་། །ཆོས་གཅིག་ལས་ནི་འདའ་བྱེད་པ། །{བརྫུན་,རྫུན་}དུ་སྨྲ་བའི་ལུས་ཅན་གྱིས། །སྡིག་པ་མི་བྱེད་ཅི་ཡང་མེད། །མི་ཡི་ལུས་སུ་སྐྱེས་མ་ཐག །ཁ་ནས་སྟ་རེ་ལྟ་བུ་ཡི། །ཚིག་འབྱུང་ངན་པར་བརྗོད་སྨྲ་བ། །དེ་ཡིས་བདག་ཉིད་གཅོད་པར་བྱེད། །བདེན་པར་སྨྲ་ཞིང་འཁྲུག་མི་བྱ། །བསླངས་ན་ཆུང་ཡང་སྦྱིན་པར་བྱ། །གནས་འདི་གསུམ་དང་ལྡན་པ་ནི། །ལྷ་རྣམས་དག་གི་དྲུང་དུ་འགྲོ། །དེ་
ལྟ་བས་ན་རྒྱུ་ཐམས་ཅད་དང་། རྐྱེན་ཐམས་ཅད་ཀྱིས་{བརྫུན་,རྫུན་}དུ་སྨྲ་བར་མི་བྱ་ཞིང་གཞན་{བརྫུན་,རྫུན་}སྨྲ་བ་ན་རྗེས་སུ་ཡི་རང་བར་མི་བྱ། {བརྫུན་,རྫུན་}སྨྲ་བ་དང་ལྷན་ཅིག་འབེལ་བའི་གཏམ་ཟེར་དུ་མི་འགྲོ། མི་གནས། འདུག་པར་མི་བྱའོ། །གཞན་དུ་ན་འདི་ཡང་{བརྫུན་,རྫུན་}སྨྲ་བ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D287
- 德格版页
- 92b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0287 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。