藏传佛教 · 德格甘珠尔 · 经部

德格《甘珠尔》D132第 55 函 · 德格 315a

'phags pa dpa' bar 'gro ba'i ting nge 'dzin ces bya ba theg pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D132
返回文本目录:《'phags pa dpa' bar 'gro ba'i ting nge 'dzin ces bya ba theg pa chen po'i mdo/》
德格《甘珠尔》D132藏文原典完整藏文原文 · 德格版页

'phags pa dpa' bar 'gro ba'i ting nge 'dzin ces bya ba theg pa chen po'i mdo/

当前为德格木刻版 315a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
315a
可引用原文
7 行
全文规模
全经 878 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 2 函第 55 函 · 德格 315a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

རྣམས་དེ་ལྟར་ཤེས་གྱུར་ན། །ཇི་ཙམ་ཅུང་ཟད་དམིགས་མེད་པ། །ཐམས་ཅད་དུ་ནི་གཟུངས་ཞེས་བཤད། །དམིགས་པ་མང་པོ་མི་མཐོང་བར། །མི་གནས་པར་ནི་འཆད་བྱེད་དེ། །ཆོས་རྣམས་ཐམས་ཅད་དངོས་པོ་མེད། །མཚན་མ་མེད་ཅིང་མཚན་ཉིད་མེད། །གཟུངས་འདོད་གང་ཞིག་འགྲོ་བྱེད་པ། །ཆོས་རྣམས་དེ་ལྟར་ཤེས་གྱུར་ཅིང་། །ཆགས་པ་མེད་པར་རབ་འཆད་ན། །གཟུངས་ནི་བཞག་པར་གྱུར་པ་ཡིན། །འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཏ་ལ་ལའི་སྒྲོན་མ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནི་རྡུལ་དང་བྲལ་བ་ཞེས་བྱ་བར་གྱུར་ཏེ། མཉམ་པ། ཉམས་དགའ་བ། མཛེས་པ། བལྟ་ན་སྡུག་པ། དག་པ། འབྱོར་པ། རྒྱས་པ། མི་དང་སྐྱེ་བོ་མང་

པོས་གང་བར་གྱུར་ཏོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་དེ་ནི་བཻ་དཱུརྱ་ལས་གྲུབ་ཅིང་གསེར་སྐུད་མིག་{མངས་,མང་}རིས་སུ་བྲེས་ཏེ། མིག་{མངས་,མང་}རིས་ཐམས་ཅད་ན་ཡང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་ལྡན་པར་གྱུར་ཏོ། །ས་ཆེན་པོ་དེ་ཡང་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཏོ། །འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ན་དུད་འགྲོ་དང་། {ཡི་དགས་,ཡི་དྭགས་}དང་། ལྷ་མ་ཡིན་ཐམས་ཅད་མེད་པར་གྱུར་ཏོ། །འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་དགེ་བ་

བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ཡང་ཤིན་ཏུ་ཡོངས་སུ་དག་པར་གྱུར་ཏེ། རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་ཤིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་སོ། །གྲོང་ཁྱེར་དེ་ནི་འབྱུང་བ་མེད་ཅེས་བྱ་བར་གྱུར་ཏོ། །འཇམ་དཔལ་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D132
德格版页
315a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0132 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。