藏传佛教 · 德格甘珠尔 · 一万颂般若

德格《甘珠尔》D11第 32 函 · 德格 70a

'phags pa shes rab kyi pha rol tu phyin pa khri pa zhes bya ba theg pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D11
返回文本目录:《'phags pa shes rab kyi pha rol tu phyin pa khri pa zhes bya ba theg pa chen po'i mdo/》
德格《甘珠尔》D11藏文原典完整藏文原文 · 德格版页

'phags pa shes rab kyi pha rol tu phyin pa khri pa zhes bya ba theg pa chen po'i mdo/

当前为德格木刻版 70a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
70a
可引用原文
7 行
全文规模
全经 5528 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 3 函第 32 函 · 德格 70a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ནི་སྦྱིན་གནས་སོ་ཞེས་བྱ་བར་གནས་པར་མི་བྱ་སྟེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། ས་བཅུ་པའི་བར་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་པ་ཡོད་ན་གཡོ་བར་འགྱུར་

བའི་ཕྱིར་རོ། །གཞན་ཡང་བདག་གིས་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་

བྱའོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཀྱི་བར་དུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེའི་འོག་ཏུ་ཕྱིར་

མི་ལྡོག་པའི་ས་ལ་གནས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D11
德格版页
70a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0011 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。