完整藏文原文 · 德格版页 当前仅加载第 25 函德格 394b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལ་ལ་ནི་རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ལས་ཀྱིས་སྤྲུལ་པའོ། །རབ་
D8.025.0394b01.01འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་སྤངས་པ་ཞེས་བགྱི་བ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་{མྱི་,མི་}འོང་
D8.025.0394b02.01འོད་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་སངས་རྒྱས་ཀྱིས་འམ། སངས་རྒྱས་ཀྱིས་འམ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་ཆོས་དེ་དག་ཐམས་ཅད་ཀྱང་སྤྲུལ་པ་ལགས་སམ། བཅོམ་
D8.025.0394b03.01ལྡན་འདས་ཀྱིས་བཀའ་སྩལ་པ། རབ་{འབྱོརད་,འབྱོར་}བསྐྱེད་པ་འམ། བཀག་པའི་ཆོས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་སྤྲུལ་པའོ། །གསོལད་པ། བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་གང་ལགས།
D8.025.0394b04.01བཅོམ་ལྡན་འདས་ཀྱིས་བཀའ་{སྩལད་,སྩལ་}པ། ཆོས་གང་ལ་སྐྱེ་བ་ཡང་{མྱེད,མེད}། འགག་པ་ཡང་མེད་པ་དེ་ནི་མ་སྤྲུལ་པའོ། །གསོལད་པ། ད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་{སྩལད་,སྩལ་}པ། མི་མཉམ་
D8.025.0394b05.01བའི་མྱ་ངན་ལས་འདས་པ་སྟེ། ཆོས་དེ་ནི་མ་སྤྲུལ་པའོ། །གསོལད་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྟོང་པ་ཉིད་ལས་ཀྱང་{མྱི་,མི་}གཡོ་ལ། གཉིས་སུ་ཡང་{མྱི་,མི་}དམིགས་ཏེ། ཆོས་གང་ཡང་སྟོང་པ་ཉིད་
D8.025.0394b06.01