shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 351a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 351a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 351a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ལམ་ལ་སྤྱོད་པར་འགྱུར་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་འམ། ཐོབ་བར་གྱུར་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། རབ་འབྱོར་དངོས་པོ་{མྱེད་,མེད་}པ་ལ་ནི་ལས་ཀྱང་{མྱེད,མེད}། བྱ་བ་ཡང་{མྱེད,མེད}། འབྲས་བུ་ཡང་{མྱེད་,མེད་}ན། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ། །འཕགས་པའི་ཆོས་ལ་{མྱི་,མི་}མཁས་པ་རྣམས་ཀྱིས་ཆོས་རྣམས་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་དུ་{མྱི་,མི་}ཤེས་ཏེ།
ཕྱིན་ཅི་ལོག་ལས་བྱུང་བའི་སེམས་ཀྱིས་ལས་སྣ་ཚོགས་མངོན་པར་འདུ་བྱེད་པས། དེ་དག་གི་ལུས་རྣམ་པ་དེ་བཞིན་དུ་མངོན་པར་འགྲུབ་སྟེ། སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། {མྱི་,མི་}འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་ཅུ་རྩ་གསུམ་གྱི་ལྷ་འམ། མཚེ་མའི་ལྷ་འམ། དགའ་ལྡན་གྱི་ལྷ་འམ། འཕྲུལ་དགའི་ལྷ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་འམ།ཚངས་རིས་ཀྱི་ལྷ་འམ། ཚངས་ལྷ་ཉེ་ཕན་གྱི་ལྷ་འམ། ཚངས་པ་ཀུན་འཁོར་གྱི་ལྷ་འམ། ཚངས་ཆེན་གྱི་ལྷ་འམ། སྣང་བའི་ལྷ་འམ། ཆུང་སྣང་གི་ལྷ་འམ། ཚད་{མྱེད་,མེད་}སྣང་བའི་ལྷ་འམ། ཀུན་སྣང་དང་
བའི་ལྷ་འམ། དགེ་བའི་ལྷ་འམ། ཆུང་དགེའི་ལྷ་འམ། ཚད་{མྱེད་,མེད་}དགེ་བའི་ལྷ་འམ། དགེ་རྒྱས་ཀྱི་ལྷ་འམ། ཆེ་བའི་ལྷ་འམ། ཆུང་ཆེའི་ལྷ་འམ། ཚད་{མྱེད་,མེད་}ཆེ་བའི་ལྷ་འམ། འབྲས་བུ་ཆེ་བའི་ལྷ་འམ། {མྱི་,མི་}
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 351a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。