藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 174a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །འཕགས་པའི་བདེན་པ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །བསམ་གཏན་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་

D8.025.0174a01.01
2

འཁྲུག་པར་{མྱི་,མི་}བྱེད་དོ། །ཚད་{མྱེད་,མེད་}པ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}

D8.025.0174a02.01
3

བྱེད་དོ། །རྣམ་པར་ཐར་པ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །

D8.025.0174a03.01
4

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །མངོན་པར་ཤེས་པ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་

D8.025.0174a04.01
5

པར་{མྱི་,མི་}བྱེད་དོ། །ཏིང་ངེ་འཛིན་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །གཟུངས་ཀྱི་སྒོ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །དེ་བཞིན་གཤེགས་

D8.025.0174a05.01
6

པའི་སྟོབས་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །{མྱི་,མི་}འཇིགས་པ་རྣམས་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་

D8.025.0174a06.01
7

པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །བྱམས་པ་ཆེན་པོ་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །སྙིང་རྗེ་ཆེན་པོ་སྟོང་པའམ། འོན་ཏམ་{མྱི་,མི་}སྟོང་ཞེས་བྱ་བར་རྣམ་པར་

D8.025.0174a07.01