藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 130b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་

D8.025.0130b01.01
2

ཀྱང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གསུམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་

D8.025.0130b02.01
3

དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་བྱམས་པ་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་བྱམས་པ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་སྙིང་རྗེ་ལ་གནས་པ་ཡིན། གཞན་

D8.025.0130b03.01
4

ཡང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་སྙིང་རྗེ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་དགའ་བ་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་དགའ་བ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་

D8.025.0130b04.01
5

ཏུ་རྒྱུན་{མྱི་,མི་}འཆད་པར་བཏང་སྙོམས་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་བཏང་སྙོམས་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན།

D8.025.0130b05.01
6

གཞན་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་པ་ཡིན། བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་

D8.025.0130b06.01
7

སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་{ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་{ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན།

D8.025.0130b07.01