shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 48b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 48b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 48b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文{མྱེད་,མེད་}པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ། ལ་ལ་རྣ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་གཞོག་པ་དང་། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད་ན། ཡང་དེས་དེ་བཞིན་གཤེགས་པ་དགྱེས་པར་{མྱི་,མི་}འགྱུར། ཡིད་བདེ་བར་{མྱི་,མི་}འགྱུར། ཐུགས་ཡེང་ཡེང་པོར་{མྱི་,མི་}འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་དང་པོའོ། །ལ་ལ་རྣ་བཏུད་དེ།
རིམ་གྲོར་ཉན་ཅིང་། བཀའ་ཉན་པའི་སེམས་ཉེ་བར་གཞོག་པ་{མྱེད་,མེད་}པ་དང་། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་{མྱི་,མི་}བྱེད་ན་ཡང་དེས་དེ་བཞིན་གཤེགས་པའི་ཐུགས་ཁྲོ་བར་{མྱི་,མི་}འགྱུར། {མྱི་,མི་}བཟོད་པར་{མྱི་,མི་}འགྱུར། ཐུགས་{མྱི་,མི་}ཆེས་པར་{མྱི་,མི་}འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་གཉིས་པའོ། །ལ་ལ་རྣ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་གཞོག་ལ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད། ལ་ལ་རྣ་བཏུད་དེ་རིམ་གྲོར་{མྱི་,མི་}ཉན་
ཅིང་། བཀའ་ཉན་པའི་སེམས་ཉེ་བར་གཞོག་པ་{མྱེད་,མེད་}དེ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་{མྱི་,མི་}བྱེད་ཀྱང་། དེས་དེ་བཞིན་གཤེགས་པ་དགྱེས་པ་འམ། ཐུགས་ཁྲོ་བ་གཉིས་སུ་{མྱི་,མི་}འགྱུར་ཏེ། ཐམས་ཅད་དུ་དགོངས་པ་དང་ལྡན་ཞིང་མཁྱེན་པར་བཏང་སྙོམས་སུ་རྣམ་པར་སྤྱོད་པ་འདི་ནི་དགོངས་པ་ཉེ་བར་གཞག་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་{མྱེད་,མེད་}པའི་ཆོས་ཉིད་གང་ཞེ་ན། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་ཡོད་པའི་ཆོས་
སྟོན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་དུས་ལས་{མྱི་,མི་}འདའ་བ་སྟེ། དེ་ནི་ཉམས་པ་{མྱེད་,མེད་}པའི་ཆོས་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་གང་ཞེ་ན། ཉན་ཐོས་དང་། རང་སངས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 48b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。