shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 186a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 186a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 186a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文འདི་དག་ནི་ཚད་{མྱེད་,མེད་}པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་མངོན་པར་ཤེས་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་
ནི་ཏིང་ངེ་འཛིན་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་{མྱི་,མི་}འཇིགས་པ་བཞི་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞི་འདི་ནི་སྟོང་པ་ཉིད་དོ། །འདི་ནི་བྱམས་པ་ཆེན་པོ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྙིང་རྗེ་ཆེན་པོ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་འདི་ནི་སྟོང་པ་ཉིད་དོ། །འདི་
ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་དགྲ་བཅོམ་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རང་བྱང་ཆུབ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་སྟོང་པ་ཉིད་དོ་ཞེས་རྣམ་པར་འཁྲུག་པ་དེ་ལྟ་བུའི་རང་བཞིན་{མྱེད་,མེད་}དོ། །རབ་འབྱོར་
གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་ན་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ནི་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། མངོན་པར་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 186a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。