藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 109a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ལམ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལམ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལམ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་

D8.025.0109a01.01
2

དབྱིངས་ཉིད་ཀྱང་ལམ་མོ། །འཕགས་པའི་བདེན་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འཕགས་པའི་བདེན་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འཕགས་པའི་བདེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་

D8.025.0109a02.01
3

ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། བསམ་གཏན་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བསམ་གཏན་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་

D8.025.0109a03.01
4

བསམ་གཏན་རྣམས་སོ། །ཚད་{མྱེད་,མེད་}པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཚད་{མྱེད་,མེད་}པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཚད་{མྱེད་,མེད་}པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚད་{མྱེད་,མེད་}པ་རྣམས་

D8.025.0109a04.01
5

སོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་ཉིད་ཀྱང་

D8.025.0109a05.01
6

ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཐར་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་

D8.025.0109a06.01
7

ཏེ། རྣམ་པར་ཐར་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མཐར་ཀྱིས་གནས་པའི་སྙོམས་

D8.025.0109a07.01