藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8第 25 函 · 德格 307b

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8
返回文本目录:《shes rab kyi pha rol tu phyin pa stong phrag brgya pa/》
德格《甘珠尔》D8藏文原典完整藏文原文 · 德格版页

shes rab kyi pha rol tu phyin pa stong phrag brgya pa/

当前为德格木刻版 307b。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
307b
可引用原文
7 行
全文规模
全经 65909 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 307b
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

ཐམས་ཅད་ངོ་བོ་ཉིད་{མྱེད་,མེད་}པའི་སྒྲ་དང་། ཆོས་ཐམས་ཅད། ཆོས་ཐམས་ཅད་ཀྱིས་སྟོང་པའི་སྒྲ་འབྱུང་བ་དང་། ཆོས་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ། ངོ་བོ་ཉིད་མེད་པའི་སྒྲ་དང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཐམས་ཅད། ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །གང་སྟོང་པ་དེ་ལ་ནི་མཚན་མ་{མྱེད་,མེད་}དོ། །གང་ལ་མཚན་མ་{མྱེད་,མེད་}པ་དེ་ལ་ནི་སྨོན་པ་{མྱེད་,མེད་}དོ་ཞེས་བྱ་བར་ཆོས་བསྟན་པའི་སྒྲ་ཉིན་མཚན་རྒྱུན་{མྱི་,མི་}ཆད་པར་འགྲོ་ཡང་རུང་།

འདུག་ཀྱང་རུང་། སྡོང་ཀྱང་རུང་། ཉལ་ཡང་རུང་སྟེ། རྟག་ཏུ་འབྱུང་བར་འགྱུར་བ་དེ་ལྟ་བུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་དོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དེར་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་ཐམས་ཅད་ལེགས་པ་རྗོད་

པར་འགྱུར་ཏེ། སེམས་ཅན་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་དེ་ཐམས་ཅད་ཀྱང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ཆོས་བསྟན་ན། སེམས་ཅན་གང་ཡང་འདི་ནི་ཆོས་སོ། །འདི་ནི་ཆོས་མ་ཡིན་ནོ། །ཞེས་བྱ་བར་ཐེ་ཚོམ་ཟ་བར་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི། ཆོས་མ་ཡིན་པ་

གང་ཡང་{མྱེད་,མེད་}དེ། ཐམས་ཅད་ཀྱང་ཆོས་སོ། །དེ་ལ་སེམས་ཅན་གང་{མྱི་,མི་}དགེ་བའི་རྩ་བས་ནོན་པ་དང་། སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད་པ། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ།

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D8
德格版页
307b
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。