完整藏文原文 · 德格版页 当前仅加载第 25 函德格 217b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཚོར་བའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་
D8.025.0217b01.01ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འདུ་ཤེས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ།
D8.025.0217b02.01ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འདུ་བྱེད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་
D8.025.0217b03.01པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་
D8.025.0217b04.01རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །
D8.025.0217b05.01བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མིག་གི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་
D8.025.0217b06.01ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣ་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་
D8.025.0217b07.01