shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 389b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 389b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 389b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བུའི་ཆོས་གང་ཡང་{དམྱིགས་,དམིགས་}སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ཡང་སོ་སོའི་སྐྱེ་བོ་{མྱེད,མེད}། སོ་སོའི་སྐྱེ་བོ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་དད་པའི་རྗེས་སུ་འབྲང་བ་{མྱེད,མེད}། དད་པའི་རྗེས་སུ་འབྲང་བ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་ཆོས་ཀྱི་རྗེས་སུ་འབྲང་བ་{མྱེད,མེད}། ཆོས་ཀྱི་རྗེས་སུ་འབྲང་བ་
ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་བརྒྱད་པ་{མྱེད,མེད}། བརྒྱད་པ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་རྒྱུན་ཏུ་ཞུགས་པ་{མྱེད,མེད}། རྒྱུན་ཏུ་ཞུགས་པ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་ལན་ཅིག་ཕྱིར་འོང་བ་{མྱེད,མེད}། ལན་ཅིག་ཕྱིར་འོང་བ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་ཕྱིར་{མྱི་,མི་}འོང་བ་{མྱེད,མེད}། ཕྱིར་{མྱི་,མི་}འོང་བ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་དགྲ་བཅོམ་པ་{མྱེད,མེད}། དགྲ་བཅོམ་པ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་རང་སངས་རྒྱས་{མྱེད,མེད}། རང་སངས་རྒྱས་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་བྱང་ཆུབ་སེམས་
དཔའ་{མྱེད,མེད}། བྱང་ཆུབ་སེམས་དཔའ་ལས་གུད་ན་ཡང་དེ་{མྱེད,མེད}། དེ་ལ་ཡང་དེ་བཞིན་གཤེགས་པ་{མྱེད,མེད}། དེ་བཞིན་གཤེགས་པ་ལས་གུད་ན་ཡང་དེ་{མྱེད་,མེད་}པར་རིག་པར་བྱའོ། །གསོལ་པ། ཆོས་ཉིད་དེ་འདུས་བགྱིས་པ་ལགས་སམ། འདུས་མ་བགྱིས་པ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཏེ། འདུས་བྱས་ལས་གུད་ན་ཡང་འདུས་མ་བྱས་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། །འདུས་མ་བྱས་ལས་གུད་ན་ཡང་འདུས་བྱས་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། རབ་འབྱོར་དེ་ལྟར་འདུས་
བྱས་ཀྱི་ཁམས་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཁམས་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ཏེ། གཟུགས་{མྱེད་,མེད་}པ་བསྟན་དུ་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 389b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。