藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 131b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བདག་ཀྱང་ཆེན་པོ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཆེན་པོ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དོན་དམ་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་དོན་དམ་བ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་

D8.025.0131b01.01
2

འདུས་བྱས་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་འདུས་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་

D8.025.0131b02.01
3

ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་

D8.025.0131b03.01
4

ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རང་བཞིན་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་རང་བཞིན་སྟོང་པ་ཉིད་

D8.025.0131b04.01
5

ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་རང་གི་མཚན་

D8.025.0131b05.01
6

ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་

D8.025.0131b06.01
7

ཡང་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་

D8.025.0131b07.01