shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 87b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 87b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 87b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་{མྱེད་,མེད་}པ་རྣམས་སམ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། {མྱི་,མི་}འཇིགས་པ་རྣམས་སམ། སོ་སོ་ཡང་དག་
པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཐམས་ཅད་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ། ཆོས་གང་ལ་ཡང་མངོན་པར་ཞེན་པ་{མྱེད་,མེད་}དོ། །དེ་མངོན་པར་ཞེན་པ་{མྱེད་,མེད་}པས་གང་ལ་ཡང་ཆགས་པ་{མྱེད་,མེད་}དོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་སྦྱིན་པ་ཡོངས་སུ་གཏོང་ཡང་། སྦྱིན་པའི་འབྲས་བུ་ལ་ཆགས་པ་{མྱེད་,མེད་}དོ། །སྦྱིན་པའི་འབྲས་བུ་ཉམས་
སུ་མྱོང་བ་{མྱེད་,མེད་}དོ། །གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཆགས་པ་{མྱེད,མེད}། ཚུལ་ཁྲིམས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དེ།གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་ཡང་བཟོད་པའི་འབྲས་བུ་ལ་ཆགས་པ་{མྱེད,མེད}། བཟོད་པའི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དོ། །གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་
སུ་མྱ་ངན་ལས་བཟླ་བའི་དོན་ཏུ་བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་ཡང་བརྩོན་འགྲུས་ཀྱི་འབྲས་བུ་ལ་ཆགས་པ་{མྱེད,མེད}། བརྩོན་འགྲུས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 87b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。