藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 283a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཉིད་ལ་སྦྱོར་ཅིག །ཕྱི་སྟོང་པ་ཉིད་ལ་སྦྱོར་ཅིག །ཕྱི་ནང་སྟོང་པ་ཉིད་ལ་སྦྱོར་ཅིག །སྟོང་པ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །ཆེན་པོ་སྟོང་པ་ཉིད་ལ་སྦྱོར་ཅིག །དོན་དམ་པ་སྟོང་པ་ཉིད་ལ་སྦྱོར་ཅིག །འདུས་བྱས་སྟོང་པ་

D8.025.0283a01.01
2

ཉིད་ལ་སྦྱོར་ཅིག །འདུས་མ་བྱས་སྟོང་པ་ཉིད་ལ་སྦྱོར་ཅིག །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྦྱོར་ཅིག །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྦྱོར་ཅིག །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྦྱོར་ཅིག །རང་བཞིན་སྟོང་པ་ཉིད་ལ་སྦྱོར་ཅིག །

D8.025.0283a02.01
3

ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྦྱོར་ཅིག །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་སྦྱོར་ཅིག །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྦྱོར་ཅིག །ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་

D8.025.0283a03.01
4

པ་ཉིད་ལ་སྦྱོར་ཅིག །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་ཅིག །ཡང་དག་པར་སྤོང་བ་རྣམས་ལ་སྦྱོར་ཅིག །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྦྱོར་ཅིག །དབང་པོ་རྣམས་ལ་སྦྱོར་ཅིག །སྟོབས་རྣམས་ལ་སྦྱོར་ཅིག །བྱང་ཆུབ་ཀྱི་ཡན་ལག་

D8.025.0283a04.01
5

རྣམས་ལ་སྦྱོར་ཅིག །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་ཅིག །འཕགས་པའི་བདེན་པ་རྣམས་ལ་སྦྱོར་ཅིག །བསམ་གཏན་རྣམས་ལ་སྦྱོར་ཅིག །ཚད་{མྱེད་,མེད་}པ་རྣམས་ལ་སྦྱོར་ཅིག །གཟུགས་{མྱེད་,མེད་}པའི་སྙོམས་པར་

D8.025.0283a05.01
6

འཇུག་པ་རྣམས་ལ་སྦྱོར་ཅིག །རྣམ་པར་ཐར་པ་བརྒྱད་ལ་སྦྱོར་ཅིག །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོར་ཅིག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་སྦྱོར་ཅིག

D8.025.0283a06.01
7

མངོན་པར་ཤེས་པ་རྣམས་ལ་སྦྱོར་ཅིག །ཏིང་ངེ་འཛིན་རྣམས་ལ་སྦྱོར་ཅིག །གཟུངས་ཀྱི་སྒོ་རྣམས་ལ་སྦྱོར་ཅིག །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱོར་ཅིག །{མྱི་,མི་}འཇིགས་པ་བཞི་ལ་སྦྱོར་ཅིག །སོ་སོ་ཡང་དག་པར་རིག་

D8.025.0283a07.01