藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 182a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཉིད་ཀྱང་སྐྱེ་མཆེད་དྲུག་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །རེག་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་རེག་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་

D8.025.0182a01.01
2

{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་ཚོར་བ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །སྲེད་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་སྲེད་པར་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་སྲེད་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །ལེན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད།

D8.025.0182a02.01
3

སྟོང་པ་ཉིད་ཀྱང་ལེན་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །སྲིད་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་སྲིད་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །སྐྱེ་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་

D8.025.0182a03.01
4

ཀྱང་སྐྱེ་བ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །རྒ་ཤི་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་རྒ་ཤི་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་

D8.025.0182a04.01
5

ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །བཟོད་

D8.025.0182a05.01
6

པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་

D8.025.0182a06.01
7

པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་

D8.025.0182a07.01