完整藏文原文 · 德格版页 当前仅加载第 25 函德格 342a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཟུངས་ཀྱི་སྒོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་
D8.025.0342a01.01སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ཀྱང་དེ་ལ་{མྱི་,མི་}རྟོག་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་དེ་བཞིན་གཤེགས་
D8.025.0342a02.01པའི་སྟོབས་རྣམས་སོ། །བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ། །འདིའི་དོན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་
D8.025.0342a03.01གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་{མྱི་,མི་}
D8.025.0342a04.01འཇིགས་པ་རྣམས་ལ་སྤྱོད་ཀྱང་དེ་ལ་{མྱི་,མི་}རྟོག་ཅིང་། {མྱི་,མི་}འཇིགས་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་{མྱི་,མི་}འཇིགས་པ་རྣམས་སོ། །བདག་གིས་{མྱི་,མི་}འཇིགས་པ་རྣམས་བསྒོམ་པར་བྱའོ། །
D8.025.0342a05.01འདིའི་དོན་དུ་{མྱི་,མི་}འཇིགས་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། {མྱི་,མི་}འཇིགས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་
D8.025.0342a06.01དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ཀྱང་། དེ་ལ་{མྱི་,མི་}རྟོག་ཅིང་། སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པའི་ཚེ། ངོ་བོ་
D8.025.0342a07.01