shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 144a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 144a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 144a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པ་ཉིད་{མྱེད་,མེད་}པ་དང་། རང་བྱང་ཆུབ་{མྱེད་,མེད་}པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱེད་,མེད་}པ་དང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་{མྱེད་,མེད་}པ་དེ་ནི་རང་བཞིན་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་སེམས་ཅན་གྱི་འདུ་ཤེས་ལས་འགྲེལ་ཏེ། གཟུགས་ཀྱི་འདུ་ཤེས་ལས་འགྲེལ་ཏོ། །གཟུགས་{མྱེད་,མེད་}པའི་འདུ་
ཤེས་ལས་འགྲེལ་ཏོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བར་ལས་འགྲེལ་ཏོ། །གང་ཟག་པ་{མྱེད་,མེད་}པའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་།
ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། {མྱི་,མི་}འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་པོ་དེ་དག་ཀྱང་དེ་ལ་དོན་དམ་པའི་རྣམ་པ་གང་ཡིན་པ་དེ་ལྟ་བུ་མ་ཡིན་ཏེ། འདི་ལྟར་འདུས་མ་བྱས་པ་དང་། མ་སྐྱེས་པ་དང་། དངོས་པོ་{མྱེད་,མེད་}པ་དང་། འབྱུང་བ་{མྱེད་,མེད་}པ་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་
སྟེ། དེ་ལ་བདག་{མྱེད་,མེད་}དོ། །སེམས་ཅན་{མྱེད་,མེད་}དོ། །སྲོག་{མྱེད་,མེད་}དོ། །སྐྱེ་བ་པོ་{མྱེད་,མེད་}དོ། །གསོ་བ་{མྱེད་,མེད་}དོ། །སྐྱེས་བུ་{མྱེད་,མེད་}དོ། །གང་ཟག་{མྱེད་,མེད་}དོ། །ཤེད་ཅན་{མྱེད་,མེད་}དོ། །ཤེད་བདག་{མྱེད་,མེད་}དོ། །བྱེད་པ་པོ་{མྱེད་,མེད་}དོ། །ཚོར་བ་པོ་{མྱེད་,མེད་}དོ། །ཤེས་པ་པོ་{མྱེད་,མེད་}དོ། །མཐོང་བ་པོ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 144a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。