完整藏文原文 · 德格版页 当前仅加载第 25 函德格 92a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས་སུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་གྲངས་{མྱེད་,མེད་}
D8.025.0092a01.01པར། བྱང་ཆུབ་སེམས་དཔའི་སྤྱད་པ་{མྱི་,མི་}སྤྱོད་དེ། རབ་འབྱོར་སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་{མྱི་,མི་}ཤེས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་{མྱེད་,མེད་}པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ། །
D8.025.0092a02.01སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྲ་བརྙན་ལྟ་བུ། སྨྱིག་རྒྱུ་ལྟ་བུ། {མྱིག་,མིག་}ཡོར་ལྟ་བུ། སྒྱུ་མ་ལྟ་བུ།
D8.025.0092a03.01སྤྲུལ་པ་ལྟ་བུ་ལགས་ན། བཅོམ་ལྡན་འདས་སེམས་ཅན་རྣམས་ཅི་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་གྱེན་དུ་སྐྱོད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་
D8.025.0092a04.01སྩལ་པ། རབ་འབྱོར་སེམས་ཅན་རྣམས་ནི་{མྱིང་,མིང་}དང་མཚན་མ་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་ལ་གནས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། དེ་དག་{མྱིང་,མིང་}དང་མཚན་མ་ལས་
D8.025.0092a05.01གྱེན་དུ་སྐྱོད་དོ། །གསོལ་པ། བཅོམ་ལྡན་འདས་{མྱིང་,མིང་}ནི་གང་ལགས། མཚན་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། {མྱིང་,མིང་}ཞེས་བྱ་བ་འམ། མཚན་མ་ཞེས་བྱ་བ་འདི་ནི་གློ་བུར་གྱི་{མྱིང་,མིང་}གིས་སྒྲོ་བཏགས་
D8.025.0092a06.01པའོ། །འདི་ལྟ་སྟེ་{མྱིང་,མིང་}ཞེས་བྱ་བ་འམ། མཚན་མ་ཞེས་བྱ་བ་འམ། གཟུགས་ཤེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་བྱ་བ་འམ། འདུ་བྱེད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། བུད་{མྱེད་,མེད་}ཅེས་བྱ་བ་འམ། སྐྱེས་པ་
D8.025.0092a07.01