shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 353b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 353b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 353b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། {རྨྱི་,རྨི་}ལམ་ལ་ལམ་བསྒོམས་པས། ཀུན་ནས་ཉོན་མོངས་པར་ཡང་{མྱི་,མི་}འགྱུར་ལ། རྣམ་པར་བྱང་བར་ཡང་{མྱི་,མི་}འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་དངོས་པོ་མ་མཆིས་ཏེ། བརྗོད་པ་དང་། ཚིག་དང་། སྒྲ་དང་། ཡི་གེ་ཐམས་ཅད་ཀྱིས་གདགས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མེ་ལོང་ལ་གཟུགས་བརྙན་སྣང་བ་དེ་ལ་གང་ལས་མངོན་པར་འདུ་བྱེད་ཅིང་། མངོན་པར་འདུ་བྱས་པས། སེམས་ཅན་དམྱལ་བར་འགྲོ་བ་འམ། བྱོལ་
སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་འམ། {མྱི་,མི་}དང་ལྷར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་གཞན་དུ་ན། བྱིས་པ་རྣམས་ལ་བསླུ་བ་མ་གཏོགས་པར་དངོས་པོ་མ་མཆིས་པ་སྟེ། གཟུགས་བརྙན་ཉིད་ཀྱང་མ་མཆིས་ན། གང་ལས་མངོན་པར་འདུ་བགྱིད་ཅིང་། མངོན་པར་འདུ་བགྱིས་པས། སེམས་ཅན་དམྱལ་བར་མཆི་བ་འམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བ་འམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བ་འམ། {མྱི་,མི་}དང་ལྷར་འགྱུར་བའི་སུག་ལས་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལ་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་{མྱི་,མི་}འགྱུར་ལ། རྣམ་པར་བྱང་བར་ཡང་{མྱི་,མི་}འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 353b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。