完整藏文原文 · 德格版页 当前仅加载第 25 函德格 348b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། བདེན་པ་རྟོགས་པའི་དོན་དུ་སྤྱོད་པ་ལགས། ཇི་ལྟར་སྤྱོད་ན་བདེན་པ་རྟོགས་ཤིང་འཚལ་ཏེ། ཁོང་དུ་ཆུད་ནས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་{མྱི་,མི་}ལྟུང་ཞིང་བྱང་
D8.025.0348b01.01ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་
D8.025.0348b02.01དེ་དག་ཅི་ནས་ཀྱང་ཆོས་གང་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་དེ་ལྟར་མཐོང་སྟེ། ཆོས་ཐམས་ཅད་མ་{དམྱིགས་,དམིགས་}པས་བདེན་པར་གཏོགས་པ་འམ། བདེན་པར་མ་གཏོགས་པའི་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། དེས་དེ་ལྟར་མཐོང་
D8.025.0348b03.01བས་སྐྱོན་{མྱེད་,མེད་}པར་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱིས་ལ་གནས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་རིགས་ཀྱིས་ལ་གནས་པར་གྱུར་ནས། སྤྱི་བོར་ལྟུང་བར་{མྱི་,མི་}འགྱུར་ཏེ། དེ་ལ་ཉན་ཐོས་
D8.025.0348b04.01ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བའི་སྤྱི་བོར་ལྟུང་བ་{མྱེད་,མེད་}དོ། །དེ་བྱང་ཆུབ་སེམས་དཔའི་རིགས་ཀྱིས་དེ་ལ་གནས་ཤིང་། བསམ་གཏན་བཞི་སྒྲུབ་པོ། །ཚད་{མྱེད་,མེད་}པ་བཞི་སྒྲུབ་པོ། །གཟུགས་{མྱེད་,མེད་}པའི་
D8.025.0348b05.01སྙོམས་པར་འཇུག་པ་བཞི་སྒྲུབ་བོ། །དེ་ལྷག་མཐོང་གིས་དེ་ལ་གནས་ཤིང་། ཆོས་ཐམས་ཅད་རབ་ཏུ་ཤེས་པར་བྱེད་དེ། འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱེད་དོ། །དེ་སྡུག་བསྔལ་ཡོངས་སུ་ཤེས་ཀྱང་སྡུག་
D8.025.0348b06.01བསྔལ་ལ་{དམྱིགས་,དམིགས་}པའི་སེམས་{མྱི་,མི་}སྐྱེད་དོ། །ཀུན་འབྱུང་བ་རབ་ཏུ་སྤངས་ཀྱང་། ཀུན་འབྱུང་བ་ལ་{དམྱིགས་,དམིགས་}པའི་སེམས་{མྱི་,མི་}སྐྱེད་དོ། །འགོག་པ་མངོན་དུ་བྱེད་ཀྱང་འགོག་པ་ལ་{དམྱིགས་,དམིགས་}པའི་སེམས་{མྱི་,མི་}སྐྱེད་དོ། །
D8.025.0348b07.01