完整藏文原文 · 德格版页 当前仅加载第 25 函德格 29b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{ཡི་དགས་,ཡི་དྭགས་}ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་། {ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་{ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་
D8.025.0029b01.01རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་{མྱིའི་,མིའི་}འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་{མྱི་,མི་}འགྱུར་བདག་མཐོང་
D8.025.0029b02.01ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་{ཡི་དགས་,ཡི་དྭགས་}ཀྱི་
D8.025.0029b03.01ཡུལ་པ་རྣམས་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
D8.025.0029b04.01དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་། {ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་{ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས། རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། {མྱིའི་,མིའི་}འཇིག་རྟེན་དུ་སྐྱེས་ཏེ་
D8.025.0029b05.01ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་
D8.025.0029b06.01ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་པ་རྣམས་ཀྱི་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་དེ་དག་ན། སྡུག་བསྔལ་ཇི་སྙེད་ཅིག་
D8.025.0029b07.01