完整藏文原文 · 德格版页 当前仅加载第 25 函德格 355a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གྱུར་པ་དེ་ལ་འདུ་ཤེས་ཀྱི་ལས་གང་མངོན་པར་འདུ་བྱས་པས། སེམས་ཅན་དམྱལ་བར་འགྲོ་བ་འམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བ་འམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་འམ། མྱིར་སྐྱེ་བ་
D8.025.0355a01.01འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་འམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་འམ། མཚེ་མའི་ལྷར་སྐྱེ་བ་འམ། དགའ་ལྡན་གྱི་ལྷར་སྐྱེ་བ་འམ། འཕྲུལ་དགའི་ལྷར་སྐྱེ་བ་འམ། གཞན་འཕྲུལ་དབང་བྱེད་ཀྱི་
D8.025.0355a02.01ལྷར་སྐྱེ་བ་འམ། ཚངས་རིས་ཀྱི་ལྷར་སྐྱེ་བ་འམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བ་འམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བ་འམ། ཚངས་ཆེན་གྱི་ལྷར་སྐྱེ་བ་འམ། སྣང་བའི་ལྷར་སྐྱེ་བ་འམ། ཆུང་སྣང་གི་ལྷར་སྐྱེ་བ་
D8.025.0355a03.01འམ། ཚད་{མྱེད་,མེད་}སྣང་བའི་ལྷར་སྐྱེ་བ་འམ། ཀུན་སྣང་དང་བའི་ལྷར་སྐྱེ་བ་འམ། དགེ་བའི་ལྷར་སྐྱེ་བ་འམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་{མྱེད་,མེད་}དགེ་བའི་ལྷར་སྐྱེ་བ་འམ། དགེ་རྒྱས་ཀྱི་ལྷར་སྐྱེ་བ་འམ། ཆེ་བའི་
D8.025.0355a04.01ལྷར་སྐྱེ་བ་འམ། ཆུང་ཆེའི་ལྷར་སྐྱེ་བ་འམ། ཚད་{མྱེད་,མེད་}ཆེ་བའི་ལྷར་སྐྱེ་བ་འམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བ་འམ། {མྱི་,མི་}ཆེ་བའི་ལྷར་སྐྱེ་བ་འམ། {མྱི་,མི་}གདུང་བའི་ལྷར་སྐྱེ་བ་འམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བ་འམ།
D8.025.0355a05.01གྱ་ནོམ་སྣང་བའི་ལྷར་སྐྱེ་བ་འམ། འོག་{མྱིན་,མིན་}གྱི་ལྷར་སྐྱེ་བ་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། {ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ཀྱི་ལྷར་
D8.025.0355a06.01སྐྱེ་བ་འམ། འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་སྨྱིག་རྒྱུ་ལ་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། {མྱིག་,མིག་}གིས་ལོག་པར་མཐོང་བ་མ་གཏོགས་པར་
D8.025.0355a07.01