shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 88b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 88b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 88b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་ལ་སྤྱོད་དེ། ཆོས་གང་ལ་ཡང་གནས་པ་འམ། ཆགས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་ཁོང་དུ་ཆུད་དོ། །ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ་ལས། མཚན་དང་
དཔེ་བྱད་བཟང་པོ་མངོན་པར་བསྒྲུབ་པ་དང་། ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གསུམ་མོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་རབ་ཏུ་རྟོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
སྤྲུལ་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ཕྱི་ནང་གི་ཆོས་རྣམས་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ཟག་པ་དང་བཅས་པ་དང་། ཟག་པ་{མྱེད་,མེད་}པའི་ཆོས་རྣམས་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །གཟུགས་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ཚོར་བ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །འདུ་ཤེས་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །འདུ་
བྱེད་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །{མྱིག་,མིག་}ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །རྣ་བ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །སྣ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ལྕེ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ལུས་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དེ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 88b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。