藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 183b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་དབང་པོ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །སྟོབས་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་སྟོབས་རྣམས་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །བྱང་ཆུབ་ཀྱི་ཡན་

D8.025.0183b01.01
2

ལག་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་

D8.025.0183b02.01
3

ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །བསམ་

D8.025.0183b03.01
4

གཏན་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་བསམ་གཏན་རྣམས་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །ཚད་{མྱེད་,མེད་}པ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་ཚད་{མྱེད་,མེད་}པ་རྣམས་

D8.025.0183b04.01
5

རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །

D8.025.0183b05.01
6

རྣམ་པར་ཐར་པ་བརྒྱད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཐར་པ་བརྒྱད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}

D8.025.0183b06.01
7

བྱེད། སྟོང་པ་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་འཁྲུག་པར་{མྱི་,མི་}བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་{མྱི་,མི་}བྱེད། སྟོང་

D8.025.0183b07.01