完整藏文原文 · 德格版页 当前仅加载第 25 函德格 169b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་
D8.025.0169b01.01སེམས་དཔའ་ཆེན་པོ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་
D8.025.0169b02.01རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི།
D8.025.0169b03.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་
D8.025.0169b04.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །
D8.025.0169b05.01གལ་ཏེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་སྟེ། རབ་འབྱོར་
D8.025.0169b06.01གང་གི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་ཏུ་ཞུགས་པའི་འབྲས་བུ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་{མྱེད་,མེད་}པ་
D8.025.0169b07.01