shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 90b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 90b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 90b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བརྒྱད་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །དགྲ་བཅོམ་པ་ཉིད་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །རང་བྱང་ཆུབ་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་ཡོངས་སུ་སྤྱོད་པ་{མྱེད་,མེད་}དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་རབ་ཏུ་རྟོགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སྤྲུལ་པས་ལམ་བསྒོམ་པ་ལ་བརྟེན་ཀྱང་། ཀུན་ནས་ཉོན་མོངས་པར་ཡང་{མྱི་,མི་}འགྱུར། རྣམ་པར་བྱང་བར་ཡང་{མྱི་,མི་}འགྱུར་ལ་འགྲོ་བ་ལྔའི་འཁོར་བ་ན་ཡང་{མྱི་,མི་}གདའ་ན། ལམ་བསྒོམ་དུ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པ་དངོས་པོ་ལ་ལ་ཞིག་ལ་བརྟེན་ཏེ། ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའམ། འགྲོ་བ་ལྔའི་འཁོར་བ་ན་སྣང་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པས་དངོས་པོ་ལ་ལ་ཞིག་ལ་བརྟེན་ཏེ། ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བ་འམ། འགྲོ་བ་ལྔའི་
འཁྱེར་པ་ན་གདའ་བར་འགྱུར་བའི་དངོས་པོ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་རབ་ཏུ་རྟོགས་པ་ཡིན་ནོ། །གསོལ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 90b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。