藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 212b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་

D8.025.0212b01.01
2

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ། །བརྩོན་

D8.025.0212b02.01
3

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་

D8.025.0212b03.01
4

ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་

D8.025.0212b04.01
5

བར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ནང་སྟོང་པ་ཉིད་མི་སྦྱར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ཕྱི་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}

D8.025.0212b05.01
6

འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ཕྱི་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ཕྱི་ནང་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་

D8.025.0212b06.01
7

ཕྱི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །སྟོང་པ་ཉིད་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྟོང་པ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ཆེན་པོ་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}

D8.025.0212b07.01