藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 7b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལ་གནས་ཤིང་། ས་དྲུག་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་{མྱི་,མི་}སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་

D8.025.0007b01.01
2

གནས་ཤིང་། ས་བདུན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་{མྱི་,མི་}སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་

D8.025.0007b02.01
3

ཤིང་། ས་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་{མྱི་,མི་}སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་།

D8.025.0007b03.01
4

ས་དགུ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་{མྱི་,མི་}སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་བཅུ་

D8.025.0007b04.01
5

པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་{མྱི་,མི་}སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ཤེས་རབ་

D8.025.0007b05.01
6

ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆོས་ཐམས་ཅད་ཀྱང་འདུས་པར་མཐོང་སྟེ། ཆོས་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་

D8.025.0007b06.01
7

ལྟར་ཆོས་དེ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ནི་ཐ་དད་དུ་བྱ་བ་གང་ཡང་{མྱེད་,མེད་}དེ། ཆོས་ཀྱི་དབྱིངས་སུ་བསྟན་པ་དང་། དེ་བཞིན་ཉིད་དུ་བསྟན་པ་དང་། ཡང་དག་པའི་

D8.025.0007b07.01