完整藏文原文 · 德格版页 当前仅加载第 25 函德格 312b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལ་མངོན་པར་ཞེན་པར་འགྱུར་བ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ནི་གང་ལ་མངོན་པར་ཞེན་ཅིང་། རོ་མྱོང་བར་བྱེད་པར་མངོན་པར་ཞེན་པར་འགྱུར་བ་{མྱེད་,མེད་}དེ། སྟོང་པ་
D8.025.0312b01.01ཉིད་ནི་རོ་མྱོང་བར་བྱེད་པ་{མྱེད་,མེད་}དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ལྷའི་{མྱིག་,མིག་}
D8.025.0312b02.01མངོན་པར་སྒྲུབ་སྟེ། ལྷའི་{མྱིག་,མིག་}དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་སྟེ། དེ་ཆོས་དེ་དག་ལ་གནས་ཤིང་ལས་མངོན་པར་སྒྲུབ་བོ། །ལས་མངོན་པར་སྒྲུབ་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་ཅན་ནམ་སེམས་ཅན་དག་ཏུ་
D8.025.0312b03.01གདགས་པར་{དམྱིགས་,དམིགས་}པ་{མྱེད་,མེད་}དོ། །དེ་ལྟར་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་དེ་དག་གིས་མངོན་པར་ཤེས་པར་བྱ་བའི་ཆོས་
D8.025.0312b04.01གང་ཇི་སྙེད་པ་དེ་དག་བྱེད་དོ། །དེ་ལྷའི་{མྱིག་,མིག་}རྣམ་པར་དག་པ་{མྱི་,མི་}ལས་འདས་པ་དེ་ཉིད་ཀྱིས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་
D8.025.0312b05.01པ་འམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་
D8.025.0312b06.01ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་འམ། བསམ་གཏན་རྣམས་སམ། ཚད་{མྱེད་,མེད་}པ་རྣམས་སམ།
D8.025.0312b07.01