藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 141b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་སྐལ་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་ལ་དངོས་པོ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །

D8.025.0141b01.01
2

དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ལ་དངོས་པོ་{མྱེད་,མེད་}ན་སེམས་ཅན་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་

D8.025.0141b02.01
3

བྱང་ཆུབ་བམ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱ་སྟེ། གཞན་དུ་ན་ཕྱིན་ཅི་ལོག་གིས་ཡོངས་སུ་འཁྲིས་པའི་སྐྱེ་དགུ་དག་ཕྱིན་ཅི་ལོག་{མྱེད་,མེད་}པ་ལ་གཞོག་གོ། །འདུལ་ལོ། །རབ་ཏུ་འགོད་དོ། །ཕྱིན་ཅི་ལོག་གང་ཡིན་པ་དེ་ཡང་རྟོག་པའི་

D8.025.0141b03.01
4

རྒྱུ་ལས་བྱུང་བའི་ཕྱིར། ཕྱིན་ཅི་ལོག་མ་ཡིན་པ་སྟེ། རྣམ་པར་རྟོག་པ་{མྱེད་,མེད་}པ་ནི་ཕྱིན་ཅི་ལོག་མ་ཡིན་པའོ། །གང་ལ་ཕྱིན་ཅི་ལོག་{མྱེད་,མེད་}པ་དེ་ལ་བདག་{མྱེད་,མེད་}དོ། །སེམས་ཅན་{མྱེད་,མེད་}དོ། །སྲོག་{མྱེད་,མེད་}དོ། །འགྲོ་བ་{མྱེད་,མེད་}དོ། །གསོ་བ་{མྱེད་,མེད་}དོ། །སྐྱེས་བུ་{མྱེད་,མེད་}དོ། །

D8.025.0141b04.01
5

གང་ཟག་{མྱེད་,མེད་}དོ། །ཤེད་ཅན་{མྱེད་,མེད་}དོ། །ཤེད་བདག་{མྱེད་,མེད་}དོ། །བྱེད་པ་པོ་{མྱེད་,མེད་}དོ། །ཚོར་བ་པོ་{མྱེད་,མེད་}དོ། །ཤེས་པ་པོ་{མྱེད་,མེད་}དོ། །མཐོང་བ་པོ་{མྱེད་,མེད་}དོ། །དེ་ལ་གཟུགས་{མྱེད་,མེད་}དོ། །ཚོར་བ་{མྱེད་,མེད་}དོ། །འདུ་ཤེས་{མྱེད་,མེད་}དོ། །འདུ་བྱེད་{མྱེད་,མེད་}དོ། །རྣམ་པར་ཤེས་པ་{མྱེད་,མེད་}དོ། །དེ་ལ་

D8.025.0141b05.01
6

{མྱིག་,མིག་}{མྱེད་,མེད་}དོ། །རྣ་བ་{མྱེད་,མེད་}དོ། །སྣ་{མྱེད་,མེད་}དོ། །ལྕེ་{མྱེད་,མེད་}དོ། །ལུས་{མྱེད་,མེད་}དོ། །ཡིད་{མྱེད་,མེད་}དོ། །དེ་ལ་གཟུགས་{མྱེད་,མེད་}དོ། །སྒྲ་{མྱེད་,མེད་}དོ། །དྲི་{མྱེད་,མེད་}དོ། །རོ་{མྱེད་,མེད་}དོ། །རེག་{མྱེད་,མེད་}དོ། །ཆོས་{མྱེད་,མེད་}དོ། །དེ་ལ་{མྱིག་,མིག་}གི་རྣམ་པར་ཤེས་པ་{མྱེད་,མེད་}དོ། །རྣ་བའི་རྣམ་པར་ཤེས་པ་{མྱེད་,མེད་}དོ། །སྣའི་

D8.025.0141b06.01
7

རྣམ་པར་ཤེས་པ་{མྱེད་,མེད་}དོ། །ལྕེའི་རྣམ་པར་ཤེས་པ་{མྱེད་,མེད་}དོ། །ལུས་ཀྱི་རྣམ་པར་ཤེས་པ་{མྱེད་,མེད་}དོ། །ཡིད་ཀྱི་རྣམ་པར་ཤེས་པ་{མྱེད་,མེད་}དོ། །དེ་ལ་{མྱིག་,མིག་}གི་འདུས་ཏེ་རེག་པ་{མྱེད་,མེད་}དོ། །རྣ་བའི་འདུས་ཏེ་རེག་པ་{མྱེད་,མེད་}དོ། །སྣའི་འདུས་ཏེ་རེག་པ་{མྱེད་,མེད་}དོ། །ལྕེའི་འདུས་ཏེ་རེག་

D8.025.0141b07.01